༢༠༡༠ ཟླ་ ༡༠ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡༥ ནས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་བྱང་ཨ་རིར་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཚོགས་ཆེན་དང་བོད་རིགས་མང་ཚོགས་ལ་གསུང་བཤད་གནང་རྒྱུ་དང། དེ་རྗེས་ཁེ་ཎ་ཌར་བོད་རིགས་སྤྱི་མཐུན་ཚོགས་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་སྐབས་མཎྜལ་ལྗགས་བཤད་གནང་རྒྱུ་སོགས་གཞུང་འབྲེལ་ཕྱོགས་ཕེབས་བསྐྱང་འཆར་ཡོད། དེ་ཡང་ཐོག་མར་ཕྱི་ཚེས་ ༡༥ ཉིན་གྱི་ཕྱི་དྲོ་རྡ་ས་ནས་ཅཀྐི་བྷེངྐ་དུ་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༦ ཉིན་ལྡི་ལིར་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཚེས་ ༡༧ ཉིན་ལྡི་ལི་ནས་ཕེརེངྐ་ཕར་ཊར་ཕེབས་ཐོན་གནང་རྗེས་ཕྱི་ཚེས་ ༡༨ ཉིན་ཨེཊ་ལན་ཊར་ཕེབས་འབྱོར་གྱིས་ས་གནས་སུ་མཛད་འཆར་དང་། ཕྱི་ཚེས་ ༢༡ ནས་ཨེཊ་ལན་ཊ་ནས་ཊོ་རོན་ཊོར་ཕེབས་འབྱོར་གནང་སྟེ་ཕྱི་ཚེས་ ༢༢ ནས་ ༢༤ བར་ས་གནས་སུ་མཛད་འཆར། ཕྱི་ཚེས་ ༢༥ ཉིན་ཊོ་རོན་ཊོ་ནས་ཨ་རིར་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཚེས་ ༢༦ ནས་ ༢༨ བར་ས་གནས་སུ་མཛད་འཆར། ཕྱི་ཚེས་ ༢༩ ཉིན་བྷོས་ཊོན་ནས་ཕེརེངྐ་ཕར་ཊར་ཕེབས་ཐོན་གྱིས་ཕྱི་ཚེས་ ༣༠ ཉིན་ཕེ་རེངྐ་ཕར་ཊར་ཕེབས་རྗེས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༣༡ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་གྷ་གྷལ་དང་དེ་ནས་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས།