༢༠༡༠ ཟླ་ ༡༠ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༦ ཉིན་ཨ༌རིའི་ནང་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མཆོག་ནས་བལ་ཡུལ་ནང་དུས་ཡུན་རིང་པོར་བོད་མི་ཚོས་ལོངས་སུ་སྤྱོད་བཞིན་པའི་མང་གཙོའི་ཁེ་དབང་དང་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་པ་མ་ཟད། དམིགས་བསལ་བོད་མི་རྣམས་ཀྱི་བལ་ཡུལ་གཞུང་གི་རྩ་ཁྲིམས་དང་མཐུན་པའི་སྨྲ་བརྗོད་རང་དབང་དེར་བལ་ཡུལ་སྲིད་གཞུང་ཕྱོགས་ནས་བརྩི་སྲུང་གནང་དགོས་པ་ང་ཚོས་འབོད་སྐུལ་ཞུ་བཞིན་ཡོད་ཅེས་གསུངས། དེ་ཡང་ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༣ ཉིན་བལ་ཡུལ་ནང་སྲིད་ལས་ཁུངས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང། བལ་ཡུལ་ས་གནས་སྲིད་གཞུང་ནས་བཙན་བྱོལ་བོད་མིའི་འོས་སྒམ་ ༡༨ ཙམ་བཙན་འཕྲོག་བྱས་པ་ངོས་ལེན་གནང་འདུག ཕྱོགས་མཚུངས་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཚོགས་པའི་ (INPaT) ཚོགས་གཙོ་སྐུ་ཞབས་(Matteo Mecacci) མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཚོགས་པའི་སྐུ་ཚབ་འཐུས་མི་ ༡༣༣ ཙམ་གྱིས་ཚབ་ཞུས་ཏེ་བལ་ཡུལ་གཞུང་གིས་བཙན་འཕྲོག་བྱས་པའི་འོས་སྒམ་འཕྲལ་དུ་འབྲེལ་ཡོད་བོད་མི་ས་གནས་འོས་བསྡུ་ལས་ཁུངས་ལ་ཕྱིར་སློག་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་འདུག་པ་བཅས།།
རྒྱལ་སྤྱིའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་བལ་ཡུལ་སྲིད་གཞུང་ལ་འབོད་སྐུལ་གནང་བ།
གསར་གནས།
འབྲེལ་གནས།