༢༠༡༠ ཟླ་ ༡༠ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༣ རེས་གཟའ་ཉི་མའི་ཉིན་བལ་ཡུལ་དུ་གནས་སྡོད་བོད་མི་རྣམས་ཀྱིས་བཙན་བྱོལ་བོད་མིའི་བཀའ་སྤྱིའི་སྔོན་འགྲོའི་འོས་ཤོག་འཕེན་སྐབས་གློ་བུར་དུ་བལ་ཡུལ་གཞུང་གི་ཉེན་རྟོག་མི་སྣ་བསླེབས་སྟེ་འོས་སྒམ་བཙན་འཕྲོག་བྱས་ཡོད་སྐོར་བཙན་བྱོལ་བོད་གཞུང་དབུས་འོས་བསྡུའི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད། གནད་དོན་དེ་དང་འབྲེལ་ནས་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུའི་རྫོང་དཔོན་གྱིས་བོད་མི་རྣམས་ལ་འོས་ཤོག་འཕེན་རྒྱུའི་ཆོག་མཆན་སྤྲད་ཡོད་ནའང་། འོས་ཤོག་ཉིན་དེར་བལ་ཡུལ་ཕག་ཤིང་ (Phagshing) ཁུལ་དང་བྷའོ་ཌཱའ་ (Boudha) ཁུལ་དུ་ཉེན་རྟོག་མི་སྣ་ ༣༠ ཙམ་གྱིས་གློ༞་བུར་དུ་འོས་ཤོག་འཕེན་སར་ཡོང་སྟེ་འོས་སྒམ་བཙན་འཕྲོག་བྱས་འདུག བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུ་མ་གཏོགས་གཞན་བལ་ཡུལ་ས་གནས་ཁག་ལ་བཙན་བྱོལ་བོད་མིའི་བཀའ་སྤྱིའི་སྔོན་འགྲོའི་འོས་ཤོག་ལེགས་གྲུབ་བྱུང་འདུག
བལ་ཡུལ་ནང་འོས་སྒམ་བཙན་འཕྲོག་བྱས་པ།
གསར་གནས།
འབྲེལ་གནས།