༢༠༡༠ ཟླ་ ༡༠ ཚེས་ ༡༦ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡༨ ནས་ ༢༠ བར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་བྱང་ཨ་རིར་ཨི་མོ་རི་གཙུག་ལག་སློབ་ཁང་དུ་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཚོགས་ཆེན་2010 International Conference on Tibetan Buddhism ཐོག་མཉམ་ཞུགས་གནང་རྒྱུ་དང་བོད་རིགས་མང་ཚོགས་ལ་གསུང་བཤད་གནང་རྒྱུ་ཡིན་འདུག རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཚོགས་ཆེན་འདི་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དབུ་འབྱེད་བསྐྱང་རྒྱུ་ཡིན་འདུག དེ་བཞིན་ཕྱི་ཚེས་ ༢༡ ཉིན་ཨེཊ་ལན་ཊ་ནས་ཊོ་རོན་ཊོར་ཕེབས་ཏེ་ཕྱི་ཚེས་ ༢༢ ནས་ ༢༤ བར་ཁེ་ཎ་ཌ་ས་གནས་སུ་བོད་རིགས་སྤྱི་མཐུན་ཚོགས་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་བཀའ་ཁྲི་མཆོག་གིས་མཎྜལ་ལྗགས་བཤད་གནང་རྒྱུ་དང། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་ཁེ་ཎ་ཌའི་བོད་མིའི་རིག་གཞུང་བསྟི་གནས་ཁང་༼གངས་ལྗོངས་ཆོས་ལྡན་གླིང་༽དབུ་འབྱེད་ཀྱི་མཛད་སྒོ་སྐྱོང་སྐབས་མཉམ་ཞུགས་གནང་རྒྱུ་སོགས་དང། ཕྱི་ཚེས་ ༢༥ ཉིན་ཊོ་རོན་ཊོ་ནས་ཨ་རིར་ཕེབས་འབྱོར་གྱིས་ཕྱི་ཚེས་ ༢༦ ནས་ ༢༨ བར་ས་གནས་སུ་ལས་འཆར་ཡོད་པ་བཅས།།