ས་འོས།༢༠༡༠།
༄༅། །བཞུགས་སྒར་ཁུལ་གནས་སྡོད་སེར་སྐྱ་མི་མང་རྣམས་ཀྱི་སྙན་ལམ་དུ་ཞུ་རྒྱུར།
དགོངས་མངའ་བཞིན་ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༣ ཉིན་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔའི་སྔོན་འགྲོའི་འོས་བསྡུ་ཆེན་མོ་དང་། མི་མང་ནས་ཐད་ཀར་འོས་འདེམས་བྱས་པའི་བཀའ་ཁྲི་སྐབས་གསུམ་པའི་སྔོན་འགྲོའི་འོས་བསྡུ་ཉིན་རྒྱ་དུས་གཅིག་གནང་གཏན་འཁེལ་བར་། འོས་བསྡུའི་སྒྲིག་གཞི་དགོངས་དོན་ཕྱི་ཟླ་ ༡༠ ཚེས་ ༡ སྔ་དྲོའི་ཚོུད། ༩ ནས་ཚོགས་སྐྱིད་དང་མི་སྒེར་འོས་གཞིའི་ཁོངས་ཡོད་པ་བཅས་སུས་ཀྱང་ཡི་གེ་སྦྱར་འགྲེམས་དང་། མང་ཚོགས་འདུ་འཛོམས་སར་འབོད་བསྐུལ་དྲིལ་བསྒྲགས་སོགས་བྱེད་མི་ཆོག་པ་དེ་དོན་ལག་བསྟར་ཐུབ་པ་དགོས་རྒྱུའི་གལ་ཆེའི་གསལ་བསྒྲགས་སུ།
——————————————————————————————————————————————————————————-
༄༅།། བཞུགས་སྒར་ཁུལ་གནས་སྡོད་སེར་སྐྱ་མི་མང་རྣམས་ཀྱི་སྙན་ལམ་དུ་ཞུ་རྒྱུར་ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་༣ རེས་གཟའ་ཉིན་མོའི་ཉིན་ཆོལ་ཁ་ཆོས་བརྒྱུད་དང་བཅས་པའི་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་པའི་དང་བཀའ་བློན་ཁྲི་པ་སྐབས་གསུམ་པའི་སྔོན་འགྲོའི་འོས་བསྡུས་ཆེན་མོ་འོས་ཤོག་བསྡུ་ཡུལ་ས་གནས་དང་དུས་ཚོད་གཤམ་གསལ།
ས་ཁུལ་མི་མང་། | འོས་བསྡུ་ཞུ་ཡུལ་ས་གནས། | དུས་ཚོད། |
མེག་གྷན་དང་། ཕོ་གྷན། མེག་གྷན་ཁུལ་གྱི་གྲ་ཚང་ཁག་དང་ཟུར་སྐྱོང་སྡེ་མཚན་ཁག་སློབ་གྲ་ཁག་སོགས། | ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རའི་ནང་། | ༩ ནས། ༥ བར |
གངས་སྐྱིད་ཁུལ་གི་ལས་ཁུངས་མ་ལག་རྣམས་ཀྱི་མཛད་གཙོ་རྣམ་དང་ལས་བྱེད། དཔེ་མཛོད། སྨན་རྩིས་ཁང་། ཤེས་དཔར། བདེ་སྨན། གངས་སྐྱིད་ཁུལ་གྱི་གྲ་ཚང་ཁག་དང་སྡེ་ཁག་ཁ་ཐོར་སེར་སྐྱ་མི་མང་བཅས། | གངས་སྐྱིད་ཐང་སྟེང་། | ༩ ནས། ༡ བར། |
རྡ་སྟེང་བོད་ཁྱིམ། བོད་ཁྱིམ་བཟོ་གྲ། ཁུལ་དེེའི་ཚམས་པ་དང་ཁ་ཐོར་མི་མང་དང། | རྡ་སྟེང་བོད་ཁྱིམ། | ༢།༣༠ ནས། ༥བར། |
ས་ར་བོད་ཀྱི་མཐོ་སློབ། ཐང་སྟོང་གླུ་སྒར། ཀང་ར། བཙུན་དགོན་འཇམ་ཆོས་དང་ཤུག་གསེབ། ཏེ་ལོག་སྤར་ཀརྨ་བསྒྲུབ་བརྒྱུད་དར་རྒྱས་གླིང་། | ས་ར་བོད་ཀྱི་མཐོ་སློབ་ཁང་། | ༩ ནས། ༡ བར། |
ཤེས་རབ་དགའ་ཚལ་སློབ་གླིང་དགེ་ལས་དང་སྣེ་ལེན་ཁང། | ཤེས་རབ་དགའ་ཚལ་སློབ་གླིང། | ༢།༣༠ ནས།༥ བར། |
ནོར་གླིང་། སྒྲོལ་མ་གླིང་། སྙིང་སྟོབ་གླིང་། འཆི་མེད་ཁུལ་དེའི་ཁ་ཐོར་མི་མང་། | ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། | ༩ ནས། ༡། |
རྒྱུད་སྟོད་གྲྭ་ཚང་། | རྒྱུད་སྟོད་གྲྭ་ཚང་། | ༢།༣༠ ནས། ༥བར། |
རྡ་ཤོད་བོད་ཁྱིམ། རྡཤོད་མི་མང་། | རྡ་ཤོད་བོད་ཁྱིམ། | ༩ ནས། ༡༡ བར། |
གོ་པལ་པུར་བོད་ཁྱིམ། | གོ་པལ་པུར་བོད་ཁྱིམ། | ༡ ནས། ༣།༣༠བར |
ཅ་མོན་ཌར་ས་ཁུལ་གནས་སྡོད་དང་སྤྲིན་ཆེན་ཆོས་སྡེ | ཅ་མུན་ཌར་རང་འཇག | །༤ ནས། ༤།༣༠བར། |
རྒྱལ་ཆེའི་མང་ཚོགས་སེར་སྐྱ་ཕོ་མོ་ཚང་མས་རང་དོན་རང་གཅེས་ཀྱིས་ཐུགས་སྣང་འགན་འཁུར་ལྷོད་མེད་གནང་རྒྱུར་ཚོར་ཤུགས་ཆེན་པོའི་ཐོག་ནས་འོས་འཕེན་སླད་ངེས་ཕེབས་ཐུབ་པ་དགོས་རྒྱུའི་འབོད་བསྐུལ་ནན་ཏན་ཞུ་རྒྱུ་བཅས།
རྡ་ས་ས་གནས་འོས་བསྡུ་ལས་ཁང་ནས། ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༢༠ ལ།།
—————————————————————————————————————————————————————————————-
༄༅།ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༣ ཉིན་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་དང་། མི་མང་ནས་ཐད་ཀར་འོས་འདེམས་བྱ་རྒྱུའི་བཀའ་ཁྲི་སྐབས་གསུམ་པའི་སྔོན་འགྲོའི་འོས་བསྡུ་ཆེན་མོ་འོས་མི་འདེམས་སྒྲུག་གནང་རྒྱུའི་གསལ་བསྒྲགས།
༄༅།། བཞུགས་སྒར་ཁུལ་གནས་སྡོད་སེར་སྐྱ་མི་མང་རྣམས་ཀྱི་སྙན་ལམ་དུ་ཞུ་རྒྱུར་། ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༣ ཉིན་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་དང་། མི་མང་ནས་ཐད་ཀར་འོས་འདེམས་བྱ་རྒྱུའི་བཀའ་ཁྲི་སྐབས་གསུམ་པའི་སྔོན་འགྲོའི་འོས་བསྡུ་ཆེན་མོ་འོས་མི་འདེམས་སྒྲུབ་གནང་རྒྱུར་བརྟེན། རང་རིགས་སེར་སྐྱ་མི་མང་ཡོངས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་བཀྲིན་སྩལ་བའི་མང་གཙོའི་འགན་དབང་བོད་གཞུང་མང་ཡོངས་ལ་གསོལ་སྩལ་བཀའ་དྲིན་བསྐྱངས་ཏེ་ལོ་ངོ་ལྔ་བཅུ་དབུ་བརྙེས་ཡོད་པ་དེ་ཐོག་མང་ཚོགས་ཀྱི་སྐུ་ཚབ་ལྷག་བསམ་ཤེས་འཇོན་དང་དྲང་ཚུགས་ལྡན་པ་ཤ་སྟག་འོས་འདེམས་ཐུབ་ཐབས་རང་ཉིད་ཀྱི་ལས་འགན་ཆེན་པོ་ཞིག་ཡིན་པ་ངོས་འཛིན་གསལ་པོ་དགོས་པ་མ་ཟད། གལ་ཆེ་དོན་ཆེར་བརྩིས་ཏེ་དོ་ཁུར་སྔར་ལྷག་ཆེ་བསྐྱེད་དགོས་པ་ནི་དུས་ཚོད་ཀྱི་དགོས་མཁོ་ཆེ་ཤོས་དེ་ཡིན་པས་འོས་འཕེན་པའི་མིང་གཞུང་དེབ་འགོད་ཟིན་པ་རྣམས་ནས་རང་རང་སོ་སོའི་དཔྱལ་ཁྲལ་ལག་དེབ་ནང་ ༢༠༠༩ ༢༠༡༠ ལོར་བར་དཔྱལ་ཁྲལ་འབུལ་ལམ་ཟིན་པ་དེབ་གསར་པ་བཅས་མཉམ་དུ་བསྣམ་སྟེ་སྔར་ལམ་བཞིན་འོས་བསྡུ་ཞུ་ཡུལ་ས་གནས་སོ་སོར་འོས་འཕེན་པ་སོ་སོ་ནས་ཆོལ་ཁ་རེ་རེར་སྤྱི་འཐུས་ཕོ་མོ་ཁྱད་མེད་བཅུ་རེ་དང་། དེའི་ནང་ཉུང་མཐར་བུད་མེད་གཉིས་རེ་དགོས། ཆོས་བརྒྱུད་སོ་སོར་ཐོབ་ཆའི་སྤྱི་འཐུས་གཉིས་རེ་བཅས་འོས་བསྡུ་ལས་ཁང་གི་འོས་ཤོག་གཏན་འབེབས་གནང་བ་ལྟར་འགེངས་དགོས་པ་དང་། བཀའ་བློན་ཁྲི་པའི་སྔོན་འགྲོའི་འོས་མི་གཅིག་རེ་འཕེན་དགོས། ངོ་འཕྲོད་ཐུབ་པའི་ཁྱད་མིང་ཡོད་ན་ལས་དེ་མིན་མིང་འདྲ་གཞན་དང་མི་ནོར་ཆེད་འགེངས་ཤོག་ནང་འཁོད་དགོས་གཤམ་གསལ་རེའུ་མིག་བཞིན་ངེས་པར་བཀང་སྟེ་འོས་འཕེན་དགོས་པ་བཅས་ཀྱི་གལ་ཆེའི་གསལ་བསྒྲགས་སུ།
རྡ་ས་ས་གནས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༢༠ ལ།།
———————————————————————————————————————————————————————————————–
བོད་མི་མིང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་འགེངས་ཤོག (Tibetan Parliamentarian’s Primary Election Form)
མིང་། ཁྱད་མིང་ (Name)(Special/Family Name | ཕ་ཡུལ། (Native origin) | ད་ལྟའི་སྡོད་གནས། (Present Residence) |
———————————————————————————————————————————————————————————————
བཀའ་བློན་ཁྲི་པའི་སྔོན་འགྲོའི་འོས་བསྡུའི་འགེངས་ཤོག།( Kalon Tripa’s Primary Election Form)
མིང་། ཁྱད་མིང་ (Name)(Special/Family Name | ཕ་ཡུལ། (Native origin) | ད་ལྟའི་སྡོད་གནས། (Present Residence) |