༢༠༡༠ ཟླ་ ༩ ཚེས་ ༢༨ རེས་གཟའ་མིག་དམར།
༅༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་རྒྱལ་ལོ་ ༢༡༣༧ རབ་གནས་ལྕགས་སྟགས་ལོའི་ཟླ་ ༨ ཚེས་ ༡༢ ཕྱི་ལོ་ ༢༠༡༠ ༩ ཚེས་ ༢༠ ཉིན་བཙུན་དགོན་སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་དུ་བཙུན་མའི་འཇང་དགུན་ཆོས་ཐེངས་བཅུ་དྲུག་པའི་དབུ་འབྱེད་ཀྱི་མཛད་སྒོ་སྔ་དྲོ་ཆུ་ཚོད་ ༡༠ ཐོག་དབུ་འཛུགས་གནང་སྐབས་བཙུན་དགོན་སྒྲོལ་མ་གླིང་གི་དགེ་བསྐོས་ཀྱིས་མཛད་རིམ་སྒྲོག་སྦྱང་ཞུས་རྗེས་རིམ་བཞིན་བཙུན་མ་ཁག་གཅིག་གིས་སམ་སྐྲི་ཏི་དང་བོད་སྐད་ཐོག་རྗེ་བཙུན་འཇམ་དཔལ་དབྱངས་ལ་བསྟོད་དབྱངས་ཕུལ། དེ་ནས་བཙུན་དགོན་སྒྲོལ་མ་གླིང་གི་སློབ་སྤྱི་དང་བོད་ཀྱི་བཙུན་མའི་ལས་འཆར་གྱི་ངེས་སྟོན་པའི་ཕྱག་རོགས། དེ་བཞིན་བོད་ཀྱི་བུད་མེད་ཚོགས་པའི་ཚོགས་གཙོ་བཅས་ནས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང། དེ་རྗེས་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་གསུང་བཤད་གནང་གྲུབ་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་གིས་བཙུན་མའི་འཇང་དགུན་ཆོས་འདི་གལ་གནད་ཇི་ལྟར་ཆེ་བ་དང། ཚད་མ་རིག་པར་བརྟེན་ནས་ནང་དོན་རིག་པ་ཙམ་མིན་པ་ཤེས་བྱ་ཡོངས་ལ་དགེ་མཚན་ཆེ་སྐོར་སོགས་སྤྱི་དང། བྱེ་བྲག་ཆོས་ཚོགས་ཐེངས་བཅུ་པའི་གྲོས་ཆོད་དགོངས་དོན་མཁན་པོ་དང་དགེ་བཤེས་མའི་སྐོར་སོགས་བླང་དོར་བཀའ་སློབ་ཟབ་རྒྱས་གནང་ཡོད། དེ་རྗེས་བཙུན་དགོན་སྒྲོལ་མ་གླིང་གི་སློབ་སྤྱི་ནས་སྐུ་མགྲོན་རྣམས་ལ་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས་འཇང་དགུན་ཆོས་ཟླ་གཅིག་ཚུགས་རིང་སྲུང་བྱའི་སྒྲིག་གཞི་སྐོར་དང་འབྲེལ་བའི་གསལ་བཤད་དང་བཅས་མཛད་སྒོ་རྒྱས་ཁའི་ངང་གྲོལ་བ་དང། ཐེངས་འདིའི་འཇང་དགུན་ཆོས་མཛད་སྒོ་ཐོག་རྒྱ་གར་དང་བལ་ཡུལ་ཁུལ་གྱི་བཙུན་དགོན་ཁག་དྲུག་ནས་ཆོས་དགེ་ཞལ་གྲངས་ ༡༣ དང་བཙུན་མ་གྲངས་ ༣༩༧ ཙམ་ལྷན་འཛོམས་གནང་འདུག་པ་བཅས།།