༢༠༡༠ ཟླ་ ༩ ཚེས་ ༡༧ རེས་གཟའ་པ་སངས།
གསལ་བསྒྲགས།
༄༅། འདི་གའི་གངས་སྐྱིད་ལས་བྱེད་གསོལ་ཐབ་ཏུ་མ་བྱན་ ༡ གི་ས་དམིགས་སྟོང་པ་ཡོད་ན། གཤམ་གསལ་ཆ་རྐྱེན་ཚང་ཐོག་ལས་བྱེད་དུ་ཞུགས་བློ་ཡོད་རིགས་ནས་ ༢༠༡༠ ཕྱི་ཟླ་ ༡༠ ཚེས་ ༡༥ ཕྱི་དྲོ་ཚོུད་ ༥།༠༠ འགྱངས་མེད་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེའི་མཚན་ཐོག་སྙན་ཞུ་འབུལ་དགོས་།
མ་བྱན་གྱི་ཆ་རྐྱེན།
༡། རང་ལོ་༢༡ ལས་མི་ཉུང་ཞིང་ ༤༧ ལས་མ་བརྒལ་བ།
༢། མ་བྱན་གྱི་སློབ་སྦྱོང་ཐོན་པའི་ལག་འཁྱེར་ཡོད་པའམ། ཡང་ན་ཚོགས་པ་གང་རུང་ནང་མ་བྱན་ལོ་གསུམ་བྱས་པའི་ལས་མྱོང་གི་ཡིག་ཐོག་དན་རྟགས་ཡོད་པ།
༣། མ་བྱན་གྱི་ལག་རྩལ་ཡོད་པ་མ་ཟད་སྲི་ཞུ་བ་རྣམས་ཀྱི་འཕྲོད་བསྟེན་ལ་བསམ་ཤེས་ཀྱིས་དུས་རྟག་ཏུ་བཞེས་ལག་གཙང་འཕྲོད་ལྗགས་བཅུད་ལྡན་པ་བཟོ་རྒྱུའི་ནུས་པ་དང་ཆོད་སེམས་ཡོད་པ།
གསོལ་ཕོགས། ཟླ་རེ་སྒོར་ ༧༡༡༢
ཆ་རྐྱེན་གཞན་ཁག
༡། འཚང་ཞུགས་བྱ་མཁན་ཚང་མས་འགོས་ནད་རིགས་མེད་པའི་གཟུགས་ཐང་ལས་འཕེར་ཡིན་པའི་བདེ་ལེགས་སྨན་ཁང་གི་སྨན་པ་ཆེ་བའི་ངོས་སྦྱོར་ཡོད་དགོས།
༢། རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཟིན་པ་དང་།དཔྱ་དངུལ་དུས་ཐོག་ཕུལ་ཟིན་པའི་ཡིག་ཆའི་སྟེང་དབང་ལྡན་འགན་འཛིན་ནས་དགས་མཆན་འཁོད་པ།
༣། ཐལ་སྤྱོད་མེད་པའི་ས་གནས་འགོ་འཛིན་ལས་ཁུངས་ནས་རྒྱབ་གཉེར་ངོས་སྦྱོར་དགོས་རྒྱུ།
༤། ལས་བྱེད་དུ་འདེམས་སྒྲུག་བྱུང་འཕྲལ་ཟླ་དྲུག་རིང་ཚོད་བལྟ་དང་དེ་རྗེས་ལོ་གཉིས་རིང་ཆོད་གན་ཐོག་བསྐོ་བཞག་རྗེས་བབ་གཟིགས་གནང་རྒྱུའི་གསལ་བསྒྲགས་སུ།
དཔལ་འབྱོར་ལས་ཁུངས་ནས་ ༢༠༡༠ ཟླ་ ༩ ཚེས་ ༡༦ ལ།
འབྲེལ་བ་ཞུ་ཡུལ།
Secretary
Department of Finance
Central Tibetan Administration
Gangchen Kyishong, Dharamsala
District Kangra – 176215
Himachal Pradesh.
Tel : 01892 – 222487, 223738. Fax : 01892 – 222349
E-mail : [email protected].