༢༠༡༠ ཟླ ༩ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༡༣ རེས་གཟའ་ཟླ་བའི་སྔ་དྲོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་རྒྱལ་ས་སླེ་རུ་ཆིབས་སྒྱུར་གྱིས་ཉིན་རྒྱབ་ཁུལ་དེར་ཇོ་ཁང་གི་ལྷ་ཁང་ནང་ཉེ་ལམ་ཆུ་རུད་ཀྱི་གོད་ཆག་འོག་རྐྱེན་འདས་སུ་གྱུར་བ་རྣམས་ལ་ཐུགས་སྨོན་གསོལ་འདེབས་མཛད་རྒྱུ་མ་ཟད་རྗེས་ཤུལ་ནང་མི་སྤུན་མཆེད་ཚོར་སེམས་གསོའི་བཀའ་སློབ་བཀྲིན་ཆེ་བ་སྩལ་གནང་མཛད་རྒྱུ་ཡིན་པ་དང། ཕྱོགས་མཚུངས་སྐབས་དེར་མང་ཚོགས་དང་ལྷན་དུ་ཐུགས་སྨོན་གསོལ་འདེབས་གསུང་འདོན་གྱི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱང་གནང་མཛད་རྒྱུ་ཡིན་འདུག ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོར་མགོན་པོ་གང་ཉིད་མཆོག་ཀཱར་གིལ་མཐུན་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཀཱར་གིལ་དུ་ཆིབས་སྒྱུར་བསྐྱང་སྟེ་མང་ཚོགས་ལ་བཀའ་སློབ་བཀའ་དྲིན་སྩལ་རྒྱུ་དང། དེ་རྗེས་ཁུལ་དེའི་གྲོང་ཚོ་མུལ་བྷེག་ (Mulbekh) ཏུ་ཆིབས་སྒྱུར་བསྐྱང་སྟེ་མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག ཕྱི་ཚེས་ ༡༥ སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེའི་གྲོང་ཚོ་བྷོཌ་ཁར་བྷོ་ (Bodhkharboo) ཞེས་པར་ཆིབས་སྒྱུར་བསྐྱང་སྟེ་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྩལ་གནང་མཛད་རྒྱུ་ཡིན་འདུག་པ་བཅས།།