༄༅། །བོད་གཞུང་འཕྲོད་བསྟེན་ལས་ཁུངས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་འཕྲོད་བསྟེན་གྱི་གནས་སྟངས་ཞིབ་རྟོགས་ཀྱིས་དེ་དང་བསྟུན་ཏེ་ཉེར་མཁོའི་ལས་གཞི་ཁག་སྤེལ་སླད་འཕྲོད་བསྟེན་གནས་ཚུལ་བསྡུ་ཕྱོགས་ཀྱི་ལམ་ལུགས་ (Health Information System) ཞིག་གསར་གཏོད་གནང་གཏན་འཁེལ་བ་བཞིན། རིང་མིན་ཕྱི་ཟླ་ ༩ ཚེས་ ༦ ནས་ ༡༠ བར་ཉིན་གྲངས་ལྔའི་རིང་ཨོ་སི་ཀྲི་ལི་ཡ་ནས་ཁྱད་ལས་པ་ Mr. Nigel Griffitsh, IT Expert, Australia དང་། དེ་བཞིན་ཨ་རི་མཐོ་སློབ་ནས་སྨན་པ་གཉིས། Dr. Alex Vu & Dr. Kiemanh Pham from John Hopkins University, USA བདེ་སྐྱིད་གླིང་སྨན་ཁང་གི་སྨན་པ་བཅས་ནས་ཁྱབ་ཁོངས་སྨན་ཁང་ཆེ་ཁག་གི་སྨན་པ་གྲངས་ ༦ དང་། སྨན་ཁང་ཆུང་ཁག་གི་སྨན་ཞབས་པ་གྲངས་ ༨ དེ་བཞིན་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་གྲངས་ ༥ བཅས་ལ་འཕྲོད་བསྟེན་གནས་ཚུལ་བསྡུ་ཕྱོགས་ཀྱི་ལམ་ལུགས་གསར་པ་ངོ་སྤྲོད་དང་འབྲེལ་ཟབ་སྦྱོང་ཞིག་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་གནང་རྒྱུ་ཡིན་པའི་གནས་ཚུལ་དུ།
བོད་གཞུང་འཕྲོད་བསྟེན་ལས་ཁུངས་ནས།
ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༥ ལ།།