༢༠༡༠ ཟླ་ ༨ ཚེས་ ༢༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༠ ནང་ཁེ་ཎ་ཌར་གནས་བཞུགས་སྐུ་གཤེགས་སྐུའི་གཅེན་པོ་ཐུབ་བསྟན་འཇིགས་མེད་ནོར་བུ་རིན་པོ་ཆེ་མཆོག་གི་སྲས་འཇིགས་མེད་ནོར་བུ་ལགས་ཀྱིས་དབུ་ཁྲིད་ཏེ་ཨ་རིའི་ཨིན་ཌི་ཡ་ཎ་མངའ་སྡེའི་རྒྱལ་ས་ཨིན་ཌི་ཡ་ཎ་པོ་ལི་སི་ནས་འགོ་འཛུགས་ཀྱིས་ཨ་རིའི་གྲོང་ཁྱེར་ཨོ་ཧ་ཡོ་དང་མི་ཆི་གྷན་བརྒྱུད་མཐར་བོད་མི་ཕོན་ཆེ་གནས་སྡོད་བྱེད་ཡུལ་ཁེ་ཎ་ཌའི་གྲོང་ཁྱེར་ཊོ་རོན་ཊོའི་ནང་མཇུག་སྒྲིལ་གནང་འཆར་ཡོད་འདུག ཞི་བའི་གོམ་འགྲོས་དེའི་སྐབས་ཉིན་རེར་རྒྱང་ཐག་མེ་ལི་ ༢༨ ནས་ ༣༠ བར་གོམ་འགྲོས་ཀྱིས་ཁྱོན་བསྡོམས་རྒྱང་ཐག་མེ་ལི་ ༥༠༠ ཙམ་བསྐྱོད་འཆར་ཡོད་པ་དང། ཞི་བའི་གོམ་འགྲོས་ཀྱི་དགོས་དམིགས་གཙོ་བོ་དེ་སྤྱིར་འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་ཐོབ་ཐང་། ལྷག་པར་བོད་མིའི་རང་དབང་འཐབ་རྩོད་སོགས་ཀྱི་གནད་དོན་ཐོག་གོ་རྟོག་སྤེལ་རྒྱུའི་ཆེད་ཡིན་སྐོར་འཛམ་གླིང་ཞི་བདེའི་བང་ཆེན་ (Ambassadors for World Peace) ཞེས་པའི་གོམ་འགྲོས་ཀྱི་ལས་འགུལ་སྤེལ་མཁན་ཚོགས་པ་དེའི་དྲ་རྒྱའི་ནང་བཀོད་འདུག་པ་བཅས།།