༢༠༡༠ ཟླ་ ༨ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༣ ཕྱི་དྲོ་བཞུགས་སྒར་ནས་ལྡི་ལི་བརྒྱུད་སྦེང་ལོར་དུ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༢༥ ནས་ ༢༨ བར་སྦེལ་ཀོབ་གཞིས་ཆགས་སུ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་དང་། མང་གཙོ་དབུ་བརྙེས་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོ། གཞིས་བྱེས་བོད་མི་ཡོངས་ཀྱི་སྐུ་ཚབ་མཚོན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་འཆར། དེ་བཞིན་ཕྱི་ཚེས་ ༢༩ ཉིན་སྦེང་ལོར་བོད་ཁྱིམ་ཚོགས་ཁང་དུ་མཐོ་སློབ་ཁག་ནང་སློབ་གཉེར་གནང་བཞིན་པའི་སློབ་ཕྲུག་ཚོར་བོད་པའི་རིག་གཞུང་རྒྱུད་འཛིན་དང་བོད་མི་བཙན་བྱོལ་བའི་ལས་འགན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༣༠ ཉིན་སྦེང་ལོར་ནས་ཇར་མ་ནིར་ཇར་མི་ནིའི་བློན་ཆེན་རོ་ལན་ཀོ་ཤི་མཆོག་ལས་འཁྱུར་ཟིན་པའི་དགའ་སྐྱེལ་མཛད་སྒོར་མཉམ་ཞུགས་གནང་རྒྱུ་དང། ཕྱི་ཟླ་ ༩ ཚེས་ ༥ ཉིན་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག