༢༠༡༠ ཟླ་ ༨ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །ཉེ་ཆར་བོད་ལྗོངས་མདོ་སྨད་ཀན་ལྷོ་འབྲུག་ཆུ་རྫོང་ཁུལ་ཆུ་ལོག་གིས་རྐྱེན་པས་རང་རིགས་མཚོན་མི་གྲངས་ ༡༡༡༧ སྐོར་ལ་སྲོག་སྐྱོན་དང་། མི་གྲངས་ ༦༤ ལ་རྨས་སྐྱོན་ཚབས་ཆེ། དེ་བཞིན་མི་གྲངས་ ༦༢༧ སྐོར་གར་སོང་ཆ་མེད་དུ་གྱུར་ཐོག་རྒྱུ་དངོས་སོགས་ལ་གྱོང་གུན་ཚབས་ཆེ་ཕོག་ཡོད་སྟབས་བཙན་བྱོལ་བོད་གཞུང་ངོས་ནས་འདི་ཚེས་ ༨ ཉིན་ཚེ་འདས་སུ་གྱུར་པ་རྣམས་ལ་བསྔོ་སྨོན་གསོལ་འདེབས་དང་། གོད་ཆག་གིས་སྡུག་བསྔལ་ནང་ཚུད་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་མཆོད་འབུལ་སྨོན་ལམ་ཞུས་ཟིན་ནའང་། སླར་ཡང་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་གཞུང་ཆོས་རིག་ལས་ཁུངས་དང་། མདོ་སྨད་ཆོལ་ཁ་ཐུན་མོང་ནས་མཆོད་འབུལ་སྨོན་ལམ་རྒྱ་ཆེ་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་འདུག་པས་བཀའ་དྲུང་ཡིག་ཚང་ནས་བཙན་བྱོལ་བོད་གཞུང་གི་སྲི་ཞུའི་ལས་བྱེད་རྣམས་གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༧།༣༠ ཐོག་ཕེབས་འབྱོར་ཡོང་བའི་གསལ་བསྒྲགས་སཔེལ་འདུག