༢༠༡༠ ཟླ་ ༧ ཚེས་ ༦ རེས་གཟའ་པ་སངས།
༄༅། འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ལ་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་སྲུང་བརྩི་གཟབ་རྒྱས་ཞུས་པ། དེ་ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་ནས་ལྷ་སྲུང་ཁག་ལ་འཕྲིན་བཅོོལ་བསང་གསོལ་གནད་སྨིན་འབད་སྒྲུབ་ཞུས་རྗེས་ཆུ་ཚོད་ ༡༠ ཐོག་མཛད་སྒོ་དངོས་གཞིར་སྐུ་མགྲོན་གཙོ་བོར་མངའ་སྡེའི་ཁྲལ་ལས་དྲུང་ཆེ་ཕེབས་གཏན་འཁེལ་ཡང་། གྲོས་ཚོགས་བཅར་དགོས་རྐྱེན་པས་བཅར་ཐུབ་མེད། འོན་ཀྱང་བོད་མི་མང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་དང་། ངག་དབང་ལྷ་མོ་ལགས་འཚམས་གཟིགས་བསྐོར་བསྐྱོད་དང་སྟབས་བསྟུན་སྐུ་མགྲོན་གཙོ་བོ་གནང་ཡོད། དེ་བཞིན་སྤྱི་འཐུས་རྒྱ་རི་བུ་ཕྲུག་ལགས་དང་། སྲས་བསྟན་འཛིན་ཆོས་གྲགས་ལགས། ཚོགས་སྡེ་ཁག་གི་འགན་འཛིན་དང་ལས་བྱེད། སློབ་ཕྲུག མི་མང་། ཧིན་བོད་མཛའ་ཚོགས་ཀྱི་འཐུས་མི། རྒྱ་གར་གྲོགས་པོ་མང་པོ་ཞིག་བཅས་ད་བར་མི་གྲངས་ ༣༠༠ བརྒལ་བ་ཆེས་མང་ཤོས་ཀྱི་མཛད་སྒོར་མཉམ་བཞུགས་གནང་བའི་དབུས་ལྷོ་སྤྱི་བཀྲིས་ཕུན་ཚོགས་ལགས་ནས་བཀའ་ཤག་གསུང་འཕྲིན་སྒྲོག་སྱངས་སོགས་གནང་ཡོད་པ་དང་། ཉིན་རྒྱབ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་མཛད་འཕྲིན་ཁག་དང་འབྲེལ་བའི་གློག་བརྙན་གཟིགས་འབུལ་ཞུས་པ་དང་། སློབ་ཕྲུག་དབར་ཕན་ཚུན་སིལ་པོལ་འགྲན་བསྡུར་རྗེས་དགོང་དྲོ་རིག་གཞུང་འཁྲབ་སྟོན་གྱིས་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་བཅས་ཀྱི་གནད་བསྡུས་སུ།