༢༠༡༠ ཟླ་ ༧ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །ཡུ་རོབ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་ནི། ཕྱི་ལོ་ ༡༩༨༥ ཟླ་ ༢ ཚེས་ ༢༥ ནས་གནས་བརྒྱད་པ་རྒན་དྲུང་ཐོག་སུད་སི་སྐུ་ཚབ་དོན་གཅོད་ཀྱི་ལས་རོགས་སུ་བསྐོ་གཞག་གནང་བ་དང་། ༡༩༨༧ ཟླ་ ༡༢ ཚེས་ ༡ ནས་ལས་འགན་རང་འཇགས་ཐོག་གནས་བདུན་པར་གནས་སྤར་གནང་། ༡༩༩༡ ཟླ་ ༡༡ ཚེས་ ༡༥ ནས་སྐུ་ཡིག་དྲུང་གཞོན་དུ་གནས་སྤོས། ༡༩༩༢ ཟླ་ ༨ ཚེས་ ༡ ནས་དྲུང་ཡིག་ཆེན་མོར་གནས་སྤར་ཐོག་སྐུ་སྒེར་དྲུང་ཆེ། ༡༩༩༩ ཟླ་ ༤ ཚེས་ ༡༠ ནས་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་དང་གྲོས་ཚོགས་འབྲེལ་ཞུ་དམིགས་བསལ་སྐུ་ཚབ་ཏུ་གནས་སྤོས་དང་། ༢༠༠༡ ཟླ་ ༨ ཚེས་ ༡༦ ནས་ལས་འགན་སྔར་ཡོད་ཐོག་སྦར་སིལ་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་། ༢༠༠༥ ཟླ་ ༩ ཚེས་ ༡ ནས་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་དང་གྲོས་ཚོགས་བཅས་སུ་འབྲེལ་ཞུའི་སྐུ་ཚབ་ཐོག་སུད་སི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་དང་། ༢༠༠༨ ཕྱི་ཟླ་ ༣ ཚེས་ ༡༧ ནས་ཡུ་རོབ་མཉམ་འབྲེལ་དང་རྒྱལ་ཁབ་ཁག་གི་ཆབ་སྲིད་ཀྱི་ལས་འགུལ་དང་འབྲེལ་ལམ་གོང་མཐོར་གཏོང་ཆེད་དུ་ལས་ཁུར་གནང་མུས་ཀྱིས་ཁྱོན་ཞབས་ལོ་ ༢༥ ལྷག་སྲི་ཞུའི་ཞབས་འདེགས་ཞུས་ཡོད་པ་བཅས།
ཟུང་དྲུང་དབང་འདུས་ཚེ་རིང་ལགས་ནི། ཕྱི་ལོ་ ༡༩༨༥ ཟླ་ ༡ ཚེས་ ༡ ནས་གནས་དགུ་པ་དྲུང་གཞོན་ངོ་མའི་གནས་རིམ་ཐོག་ར་སྤར་མཉམ་ལས་བཟོ་གྲྭའི་རྩིས་པར་བསྐོ་གཞག་དང་། ༡༩༨༨ ཟླ་ ༡ ཚེས་ ༡ ནས་མ་སུ་རི་བོད་ཁྱིམ་རྩིས་པར་གནས་སྤོས་གནང་། ༡༩༩༢ ཟླ་ ༨ ཚེས་ ༡ ནས་ལས་ཁུངས་དོ་དམ་པའི་གནས་རིམ་དུ་གནས་སྤར་དང་། ༡༩༩༣ ཟླ་ ༦ ཚེས་ ༣ ནས་སྡེ་ཚན་འགན་འཛིན་དུ་གནས་སྤར་གྱིས་ཟླ་ ༨ ཚེས་ ༢ ནས་ཏི་ཛུ་དར་རྒྱས་གླིང་གི་མཉམ་དྲུང་དུ་གནས་སྤོས་གནང་། ༡༩༩༥ ཟླ་ ༥ ཚེས་ ༡༠ ནས་ར་སྤར་མཉམ་ལས་བཟོ་འགོར་གནས་སྤོས་དང་། ༡༩༩༧ ཟླ་ ༤ ཚེས་ ༡༥ ནས་ལས་འགན་རང་འཇགས་ཐོག་དྲུང་ལས་གནས་རིམ་དུ་གནས་སྤར་གྱིས་ཟླ་ ༡༠ ཚེས་ ༡ ནས་རྩིས་ཞིབ་ལས་ཁང་གི་དྲུང་ལས་སུ་གནས་སྤོས་གནང་། ༢༠༠༠ ཟླ་ ༧ ཚེས་ ༡༥ ནས་ལས་འགན་རང་འཇོགས་ཐོག་དྲུང་གཞོན་དུ་གནས་སྤར་དང་། ༢༠༠༨ ཟླ་ ༢ ཚེས་ ༡༨ ནས་ཟུང་དྲུང་གནས་རིམ་དུ་གནས་སྤར་གྱིས་ཟླ་ ༥ ཚེས་ ༢ ནས་དཔལ་འབྱོར་ལས་ཁུངས་ཀྱི་ཟུང་དྲུང་དུ་གནས་སྤོས་གནང་སྟེ་ལས་ཁུར་ཞུ་མུས་ཀྱིས་ཁྱོན་ཞབས་ལོ་ ༢༥ ལྷག་སྲི་ཞུའི་ཞབས་འདེགས་ཞུས་ཡོད་པ་བཅས།