༄༅།། ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་ (Tibetan Scholarship Program) ཁོངས་ཕྱི་ལོ་ ༢༠༡༡ ལོར་བསྐྱོད་མཁན་གྱི་སློབ་མ་འདེམས་སྒྲུག་གིས་མཐའ་མའི་ངག་རྒྱུགས་ནང་འགྲོ་རྒྱུའི་ཆ་རྐྱེན་ལོང་པ་ ༡༣ ལས་མ་བྱུང་སྟབས། འཕྲོས་སློབ་ཡོན་འཕྲོ་བརླག་ཏུ་མི་འགྲོ་ཞིང་། ཁ་སྐོང་སློབ་མའི་ཆེད་གསལ་བསྒྲགས་བསྐྱར་མ་འདི་གཏོང་གི་ཡོད་པས། གཤམ་གསལ་གནད་དོན་ཁག་གཞིར་བཟུང་འཚང་སྙན་འབུལ་བ་དང་། དམིགས་བསལ་ཐུགས་སྣང་དགོས་པ། ཞེས་པའི་འོག་གི་ཨང་ ༡༧ པར་གསལ་བའི་ཚེས་ཆ་ ༢༠༡༠ ཟླ་ ༨ ཚེས་ ༢༥ འགྱངས་མེད་དགོས་ངེས་ཡིག་ཆ་བཅས་འཚང་སྙན་ཤེས་རིག་ལས་ཁུངས་སུ་འབྱོར་ཟིན་པ་གནང་དགོས།
TOEFL iBT ཨང་ཀི་ | ཨང་ཐོབ། | TOEFL iBT ཨང་ཀི་ | ཨང་ཐོབ། |
༨༠།༨༢ | ༨ | ༨༣།༨༥ | ༩ |
༨༦།༨༨ | ༡༠ | ༨༩།༩༡ | ༡༡ |
༩༢།༩༤ | ༡༢ | ༩༥།༩༧ | ༡༣ |
༩༨།༡༠༠ | ༡༤ | ༡༠༡།༡༠༣ | ༡༥ |
༡༠༤།༡༠༦ | ༡༦ | ༡༠༧།༡༠༩ | ༡༧ |
༡༡༠།༡༡༣ | ༡༨ | ༡༡༤།༡༡༧ | ༡༩ |
༡༡༨།༡༢༠ | ༢༠ |
Degree དང་། Non–Degree སློབ་སྦྱོང་གཤམ་གསལ་སྡེ་ཚན་ཀ་དང་ཁ་གཉིས་སུ་གསལ་བའི་ཆ་རྐྱེན་ངེས་པར་ཚང་དགོས།
ཀ། Degree སློབ་སྦྱོང་གི་དགོས་ངེས་ཆ་རྐྱེན།
༡། འཛིན་རིམ་བཅུ་གཉིས་ཐོན་རྗེས་སྤྱི་ཡོངས་ངོས་འཛིན་ཡོད་པའི་རྒྱ་གར་མཐོ་སློབ་ནས་ལོ་བཞིའི་སློབ་སྦྱོང་ཐོན་ཅིང་ཉུང་མཐར་ཕྱོགས་བསྡོམས་བརྒྱ་ཆ་ ༤༥ ལོན་པ། ལོ་རིམ་སོ་སོའི་ཨང་ཤོག་དང་ལག་འཁྱེར་གྱི་ངོ་བཤུས་འབུལ་དགོས། གལ་ཏེ་མཐོ་སློབ་ལག་འཁྱེར་སློབ་ཁང་ནས་འཐོབ་བསྡད་ཡིན་ཚེ་ (Provisional Certificate) འབུལ་དགོས། ལོ་བཞིའི་སློབ་སྦྱོང་ནང་ཨ་རིའི་མཐོ་སློབ་ནས་ངོས་ལེན་མེད་པའི་གཤམ་གསལ་ལག་འཁྱེར་ཁག་བརྩི་རྒྱུ་མིན། (Partial Computer course, Vocational course and Diploma from Non-University Institute)
༢། TOEFL iBT རྒྱུགས་སྤྲོད་ལ་ཉུང་མཐར་ཨང་ཚད་ ༩༥ ལོན་པའི་ཨང་ཤོག་གི་ངོ་བཤུས་འཚང་སྙན་མཉམ་ངེས་འབུལ་དགོས།
TOEFL iBT ཨང་ཀི་ | ཨང་ཐོབ། | TOEFL iBT ཨང་ཀི་ | ཨང་ཐོབ། |
༩༥།༩༦ | ༨ | ༩༧།༩༨ | ༩ |
༩༩།༡༠༠ | ༡༠ | ༡༠༡།༡༠༢ | ༡༡ |
༡༠༣།༡༠༤ | ༡༢ | ༡༠༥།༡༠༦ | ༡༣ |
༡༠༧།༡༠༨ | ༡༤ | ༡༠༩།༡༡༠ | ༡༥ |
༡༡༡།༡༡༢ | ༡༦ | ༡༡༣།༡༡༤ | ༡༧ |
༡༡༥།༡༡༦ | ༡༨ | ༡༡༧།༡༡༨ | ༡༩ |
༡༡༩།༡༢༠ | ༢༠ |
༣། GRE རྒྱུགས་སྤྲོད་ལ་ཉུང་མཐར་ཨང་ཚད་ ༩༦༠ དང་། GMAT ལ་ཉུང་མཐར་ཨང་ཚད་ ༥༥༠ ལོན་དགོས། ཨང་ཤོག་འདི་གཉིས་འདེམས་ཐོན་རྗེས་འབུལ་ཆོག་རྒྱུ།
༤། ཕྱི་ལོ་ ༡༩༧༥ ཟླ་ ༧ ཚེས་ ༡ རྗེས་སུ་སྐྱེས་པ་ཞིག་དགོས།
ཁ། Non Degree སློབ་སྦྱོང་གི་དགོས་ངེས་ཆ་རྐྱེན།
༡། སློབ་ཡོན་འདིའི་ཁོངས་སྙན་འབུལ་བ་རྣམས་ནས་ཉུང་མཐར་ལོ་ ༥ རིང་བོད་མིའི་སྤྱི་ཚོགས་ཀྱི་སྡེ་ཚན་གང་རུང་ནང་སྙན་འབུལ་དུས་བཀག་བར་ཞབས་ཞུས་ཟིན་པ་དགོས་ཤིང་། ཞབས་ཞུས་ལོ་རྒྱུས་དངོས་འབྲེལ་ཡིན་པའི་འབྲེལ་ཡོད་ལས་ཁུངས་སམ་སྒྲིག་འཛུགས་ཀྱི་འགན་འཛིན་ནས་ངོས་སྦྱོར་སྟེང་ཟླ་ཚེས་ཁ་གསལ་འཁོད་པ་དགོས།
༢། TOEFL iBT རྒྱུགས་སྤྲོད་ལ་ཉུང་མཐར་ཨང་ཚད་ ༨༠ ལོན་པའི་ཨང་ཤོག་གི་ངོ་བཤུས་འཚང་སྙན་མཉམ་ངེས་འབུལ་དགོས།
༣། གཞུང་ཞབས་འཚང་སྙན་འབུལ་མཁན་རྣམས་གཞུང་ཞབས་འདེམས་བསྐོ་ལྷན་ཁང་ནས་ད་ལྟ་གཞུང་ཞབས་ཡིན་པ་དང་། རང་ཁོངས་ལས་བྱེད་ཡིན་ན་དབུས་ལས་ཁུངས་འབྲེལ་ཆགས་དེས་རང་ཁོངས་ལས་བྱེད་ ༢༠༠༤ ཟླ་ ༡༢ ཚེས་ ༢ འཁོད་པ་རྩ་འཛིན་ལམ་སྟོན་ནང་ཚུད་པའི་ལས་བྱེད་ཡིན་པའི་ངོ་སྤྲོད་ཡི་གེ་ཞུ་འབུལ་དགོས།
༤།ཤེས་ཡོན་རྒྱུགས་སྤྲོད་ཀྱི་ཨང་ཤོག་དང་ལག་འཁྱེར་ཁག་གི་ངོ་བཤུས་འབུལ་དགོས།
འཚང་སྙན་འབུལ་བ་དང་། དམིགས་བསལ་ཐུགས་སྣང་དགོས་པ།
༡། འཚང་སྙན་འགེངས་ཤོག་ཤེས་རིག་ལས་ཁུངས་ཀྱི་དྲྭ་རྒྱ་ (www.tcewf.org) ནས་ཕབ་བཤུས་ཀྱིས་འབུལ་འཐུས་ཆོག་རྒྱུ།
༢། སྙན་འབུལ་བ་རྣམས་ཀྱིས་རང་གི་འཛིན་རིམ་བཅུ་པའི་ཨང་ཤོག་དང་ལག་འཁྱེར་གྱི་ངོ་བཤུས་ངེས་པར་དུ་འབུལ་དགོས།
༣། སློབ་ཡོན་སྡེ་ཚན་གང་དུ་འཚང་སྙན་འབུལ་རྒྱུའི་འགེངས་ཤོག་སྟེང་སློབ་ཡོན་དང་སྡེ་ཚན་གྱི་མིང་གཤམ་གསལ་ལྟར་ཁ་གསལ་འཁོད་དགོས།
༣་༡། (Degree) ཁོངས་ཡིན་ན་ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་སྡེ་ཚན་ (ཀ) དང་།
༣་༢། (Non Degree) ཁོངས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་སྤྱི་ཚོགས་ཞབས་ཞུ་བ་ཡིན་ན་ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་སྡེ་ཚན་ (ཁ) ཞེས་གསལ་འཁོད་དགོས། གལ་ཏེ་གོང་གསལ་ལྟར་སྡེ་ཚན་ཁ་གསལ་མེད་པར་ཕར་འདྲེས་ཚུར་འདྲེས་བྱས་ཡོད་ཚེ་སྙན་ཤོག་བརྩི་མེད་གཏང་རྒྱུ་ཡིན།
༤། ཨ་རིར་སློབ་སྦྱོང་བྱེད་ཡུན་རིང་རྒྱ་གར་གྱི་ཕྱིར་བསྐྱོད་ལག་འཁྱེར་སེར་པོ་ (IC) དུས་འགྱང་དང་གསར་བཟོའི་ཆ་རྐྱེན་མིན་འདུག་པས། རང་ཉིད་ཨ་རིར་སློབ་སྦྱོང་བྱེད་ཡུན་རིང་དང་དེའི་ཐོག་ཉུང་མཐར་ཟླ་དྲུག་གི་དུས་ཚོད་ཡོད་པ་ཞིག་དགོས་པར་བརྟེན་དོ་བདག་སོ་སོ་ནས་རང་དོན་རང་གཅེས་ཀྱིས་དམ་དོན་དགོས།
༥། བར་ལམ་ནས་ཨ་རི་གཞུང་ཚབ་ཀྱི་ཐོངས་མཆན་སྡེ་ཚན་ནས་སྔོན་དུ་ཐོངས་མཆན་ཞུས་ཏེ་དགག་བྱ་བྱུང་ཡོད་རིགས་ལ་ཐོངས་མཆན་མི་སྤྲོད་པའི་གནས་ཚུལ་ཡོང་འདུག་ན་དེ་དོན་འཚང་སྙན་འབུལ་ཕྱོགས་སོ་སོས་ཐུགས་འགན་ཐག་གཅོད་གནང་དགོས།
༦། རྒྱ་གར་སྐྱབས་བཅོལ་ལག་དེབ་ཉུང་མཐར་ཕྱི་ལོ་ ༢༠༡༠ བར་ཁྲིམས་མཐུན་དུས་འགྱངས་ཞུས་པ་ཞིག་དགོས། གལ་ཏེ་ལག་དེབ་དུས་འགྱངས་ཞུ་རྒྱུར་འབྲེལ་ཡོད་ལས་ཁུངས་སུ་བཏང་ཟིན་པ་ཡིན་ན་ལས་ཁུངས་དེའི་བྱུང་འཛིན་ངོ་བཤུས་སམ་གནས་ཡུལ་ས་གནས་འགོ་འཛིན་གྱི་ངོས་སྦྱོར་གང་རུང་དགོས། བལ་ཡུལ་དང་འབྲུག་ཁུལ་གནས་སྡོད་སྙན་འབུལ་བ་ཡིན་ན་བོད་མི་སྐྱབས་བཅོལ་བ་དངོས་འབྲེལ་ཡིན་པ་ཁྲིམས་མཐུན་གྱི་ངོས་འཛིན་ཐུབ་པར་ས་གནས་རང་བདེན་ཚོགས་ཆུང་གི་ངོ་སྤྲོད་རྒྱབ་གཉེར་ཐོག་ས་གནས་འགོ་འཛིན་ནས་ཞིབ་འཇུག་གིས་བོད་མི་སྐྱབས་བཅོལ་བ་ཡིན་པའི་ངོས་སྦྱོར་ཡིག་ཆ་ཞུས་ཏེ། དེའི་ངོ་བཤུས་མཉམ་སྦྱར་དགོས།
༧། དོ་བདག་དང་། ཕ་མའམ་བཟའ་ཟླའི་དང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༠ བར་གཙང་ཕུལ་ཟིན་པའི་དཔྱ་ཁྲལ་འབུལ་དེབ་ཀྱི་ངོ་བཤུས་སྟེང་རང་བདེན་ཚོགས་ཆུང་ནས་བདེན་དཔང་མཚན་རྟགས་ཞུ་དགོས།
༨། ཕ་མ་བོད་ནང་ཡོད་པའམ། ཁ་བྲལ་བ། ཡང་ན་འདས་གྲོངས་སོང་བ་ཡིན་ཚེ་འབྲེལ་ཆགས་ས་གནས་འགོ་འཛིན་ནམ། རང་ཉིད་འཛིན་གྲྭ་ ༡༠ ཡང་ན་ ༡༡ གམ་བཅུ་གཉིས་གང་ནས་ཡིན་པའི་སློབ་གྲྭ་དེའི་སློབ་སྤྱི་བཅས་གང་རུང་གི་ངོས་སྦྱོར་འབུལ་དགོས།
༩། གཞུང་གི་ལས་བྱེད་ཕུད་འཚང་སྙན་འབུལ་མི་གང་ཞིག་གཞུང་སྒེར་གཉིས་ཀྱི་ཚོགས་པ་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་ཚོགས་པའི་འགན་འཛིན་ནས་དགག་བྱ་མེད་པའི་ངོས་སྦྱོར་ངེས་པར་ཞུ་འབུལ་དགོས།
༡༠། སྙན་འབུལ་བ་གང་ཞིག་གཞུང་གི་ལས་བྱེད་ཡིན་ན་ལས་བྱེད་བླང་དོར་དང་ཐོབ་ཐང་གི་སྒྲིག་གཞིའི་དགོངས་དོན་ལྟར། གཞུང་འབྲེལ་མིན་པའི་སློབ་སྦྱོང་གུང་གསེང་བསྐྱོད་རྒྱུར་ཞབས་ལོ་གསུམ་ངེས་པར་ཚང་བ་ཞིག་དགོས་རྒྱུ།
༡༡། ཤེས་ཡོན་རྒྱུགས་སྤྲོད་ཀྱི་ཨང་ཤོག་དང་ལག་འཁྱེར་གྱི་ངོ་བཤུས་ཐོག་དངོས་འབྲེལ་ཡིན་པའི་ས་གནས་འགོ་འཛིན་ནམ། ཟུང་དྲུང་གནས་རིམ་ཡན་གྱི་གཞུང་ཞབས། ཡང་ན་བོད་གཞུང་ཤེས་རིག་ཁྱབ་ཁོངས་འཛིན་རིམ་བཅུ་པ་ཡན་ཡོད་པའི་སློབ་གྲྭའི་སློབ་སྤྱི་བཅས་གང་རུང་གི་འགན་ལེན་དག་མཆན་མཚན་རྟགས་འཁོད་པ་འཚང་སྙན་མཉམ་འབུལ་དགོས།
༡༢། དེ་སྔ་སྨན་པ་དང་། འཕྲོད་བསྟེན་སློབ་ཚན་ནམ་ཟུར་བཅད་ཞབས་སྟེགས་བཙན་བྱོལ་བོད་གཞུང་བརྒྱུད་ཐོབ་རིགས་ནས་ཉུང་མཐར་སྤྱི་ཚོགས་ཞབས་ཞུ་གན་ཡིག་ལྟར་ལོ་གསུམ་ཞུས་ཟིན་པའི་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ནས་ངོས་སྦྱོར་ཞུ་འབུལ་དགོས་པ་མ་གཏོགས་སྔོན་འགྲོའི་མི་འགྲོར་གཏོང་རྒྱུ་མིན།
༡༣། གཤམ་གསལ་སློབ་ཚན་ ༢༩ རྣམས་སྦྱང་གཞི་རིག་གནས་ཀྱི་སྤྱི་མིང་ (Field of Studies) ཙམ་ལས་མཐོ་སློབ་ཏུ་དངོས་སུ་སྦྱང་བྱའི་སློབ་ཚན་གྱི་མིང་མིན་པས། སྦྱང་གཞི་རིག་གནས་དེ་དག་གི་འོག་ཏུ་གཏོགས་ཤིང་ཨ་རིའི་ཚད་ལྡན་མཐོ་སློབ་ཅིག་ཏུ་ཡོད་པའི་སྒྲིག་བཅད་སློབ་ཚན་ (Study Program) བྱེ་བྲག་པ་གཅིག་རང་ངོས་ནས་ཁུངས་བརྩད་ཀྱིས་གདམ་དགོས་པ་ཡིན།
S.no |
Field of Studies |
S.no |
Field of Studies |
1 | International Relations (Negotiation/Protocol) | 16 | Security and Intelligence Study |
2 | International Law | 17 | Inter-Religious Studies |
3 | Counselling (Career, School, Unemployment) | 18 | M.Sc. Mathematics/Physics/Chemistry/Biology |
4 | Banking Management | 19 | Public Health/Medicine |
5 | Agriculture/ Horticulture/ Animal Husbandry/Agronomy | 20 | Rural Development |
6 | Food Preservation and Processing Technology | 21 | Public Administration |
7 | Renewal Energy Technologies | 22 | Human Resource Development |
8 | Environmental Studies | 23 | Master in Social Work |
9 | Geo Hydrology Technology | 24 | Mass Communication / Journalism |
10 | Waste Management and Recycling Technology | 25 | Special Education |
11 | Natural Resources Management | 26 | School Curriculum |
12 | Development Planning | 27 | Auditing |
13 | Micro Entrepreneurship Development | 28 | Library and Information Studies (Archives) |
14 | Sinology and Chinese Studies | 29 | Management & Development |
15 | Computer Science |
༡༤། ཕྱི་ལོ་ ༢༠༡༠ ཟླ་ ༨ པའི་ནང་སྔོན་འགྲོའི་འདེམས་ཐོན་བྱུང་ཡོད་མེད་ཡིག་འགྲུལ་དང་། འདི་གའི་དྲྭ་རྒྱ་བརྒྱུད་བརྡ་ལན་བྱེད་རྒྱུ་ཡིན་པས་ལྟ་ཀློག་གནང་དགོས། སོ་སོའི་ཨི་མེལ་ཁ་བྱང་ཕུལ་ཡོད་ན་དེ་བརྒྱུད་དེ་གཏང་རྒྱུ་ཡིན།
༡༥། ངོས་འཛིན་ཡོད་པའི་གསོ་བ་རིག་པའི་སྨན་པའམ། དེབ་བསྐྱེལ་ཡོད་པའི་ཕྱི་ལུགས་སྨན་པ་གང་རུང་ཞིག་ནས་གཟུགས་ཁམས་བདེ་ཐང་ཡིན་པའི་ལག་འཁྱེར་དགོས།
༡༦། གནས་འབྲེལ་སྦྲག་གླ་སོགས་ཀྱི་ཆེད་ཧིན་སྒོར་ ༥༠ ཐམ་པ་དང་། སོ་སོའི་ཕྱེད་པར་གཉིས་བཅས་འཚང་སྙན་མཉམ་ངེས་པར་དུ་འབུལ་དགོས་པ་ཡིན།
༡༧། འཚང་སྙན་འགེངས་ཤོག་དང་གསལ་བསྒྲགས་ནང་གསལ་དགོས་ངེས་ཡིག་ཆ་ཁག་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༥ འགྱངས་མེད་གཤམ་གསལ་ཁ་བྱང་ཐོག་ཕུལ་འབྱོར་ཐུབ་པ་དགོས།
༡༨། རྒྱ་བལ་འབྲུག་གསུམ་ནས་བཙན་འབྱོལ་བོད་མི་ཕྱི་རྒྱལ་དུ་མཐོ་སློབ་སློབ་སྦྱོང་གཏོང་ཕྱོགས་ཀྱི་སྒྲིག་གཞི་དང་། བོད་ཡིག་སློབ་ཚན་ཁག་ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ་ (www.tcewf.org) ནང་ཁ་གསལ་ཡོད་པ་དོ་བདག་རང་ངོས་ནས་ཐུགས་སྣང་གནང་དགོས།
༡༩། སྔོན་དུ་བོད་ཡིག་རྒྱུགས་སྤྲོོད་བར་སླེབས་ཤིང་ངག་རྒྱུགས་ནང་འགྲོ་རྒྱུའི་ཆ་རྐྱེན་མ་ལོང་པ་སླར་ཡང་སློབ་ཡོན་ནང་ཞུགས་བློ་ཡོད་རིགས་ནས་ཤེས་རིག་ལས་ཁུངས་ལ་ཁ་གསལ་སྙན་ཞུ་གོང་ཚེས་མ་འགྱངས་པར་འབུལ་དགོས་པ་ཡིན། འོན་ཀྱང་དགོས་མཁོའི་ཡིག་ཆ་སྔོན་དུ་ཕུལ་ཟིན་པ་དེས་འཐུས་པ་ཡིན།
༢༠། གོང་གསལ་གནད་དོན་ཁག་ལ་དྭོགས་འདྲི་ཡོད་ཚེ་ཤེས་རིག་མཐོ་སློབ་ཚན་པའི་ཞལ་པར་ཨང་གྲངས་ ༠༡༨༩༢-༢༢༦༦༩༥།༢༢༢༥༧༢།༢༢༢༧༢༡ དང་། གློག་འཕྲིན་ ([email protected]) བཅས་གང་རུང་བརྒྱུད་འབྲེལ་བ་བྱུང་བསྟུན་དྭོགས་སེལ་ཞུ་རྒྱུ་བཅས་ཀྱིས་གསལ་བསྒྲགས་སུ། ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༣ ལ།། །།
High Level Scholarship Committee
C/o Department of Education CTA
Gangchen Kyishong
Dharamsala – 176 215
Dist. Kangra (H.P.) INDIA