༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༨ དང་རབ་བྱུང་ལྕགས་སྟག་བོད་ཟླ་ ༥ ཚེས་ ༢༦ ཉིན་གནས་ཆུང་སྒྲ་དབྱངས་གླིང་དུ་སྤྲུལ་པའི་ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་རྩལ་ཆེན་དང་། དགའ་གདོང་རྡོ་རྗེ་གསལ་བྱེད་གླིང་དུ་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོར་སྤྲུལ་པའི་ཆོས་སྐྱོང་གནོད་སྱིན་ཤིང་བྱ་ཅན་ཆེན་པོ་རྣམ་གཉིས་ལ་གཞུང་འབྲེལ་དབྱར་གསོལ་གྱི་སྤྱན་འདྲེན་ཞུས་ཡོད། དེ་ཉིན་སྔ་དྲོ་ཆུ་ཚོད་ ༧ ཐོག་གནས་ཆུང་སྒྲ་དབྱངས་གླིང་གི་འདུ་ཁང་དུ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དང་། ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་མཆོག ལྷན་ཁང་ཁག་གི་བཀའ་བློན་རྣམ་པ་དང་དྲུང་ཆེ་ཆུང་གི་གཙོས་སྲི་ཞུ་བ་རྣམས་ནས་གཟབ་མཆོར་ལེགས་པར་གྱོན་ཏེ་མཇལ་ཞུར་བཅར་ཡོད། དེ་བཞིན་ཆུ་ཚོད་ ༨ པའི་ཐོག་དགའ་གདོང་རྡོ་རྗེ་གསལ་བྱེད་གླིང་དུ་གོང་མཚུངས་ལྟར་གནང་སྟེ་གཞུང་འབྲེལ་བསྟན་སྲུང་གཉིས་ལ་དབྱར་གསོལ་གྱི་སྤྱན་འདྲེན་ལེགས་པར་ཞུས་ཡོད་པའི་གནས་བསྡུས་སུ།།
གསར་གནས།
འབྲེལ་གནས།