༢༠༡༠ ཟླ་ ༧ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །ཉེ་ལམ་ཊུཝི་ཊར་ (Twitter) དྲ་རྒྱ་བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་རིགས་མི་མང་གིས་དྲི་བར་བཀའ་ལན་ཐེངས་གཉིས་པ་སྩལ་ཡོད། དེ་ཡང་དེ་ཉིན་ཕྱི་ཟླ་ ༧ ཚེས་ ༢༦ ཉིན་དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་དོན་ལྟར་ན། རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ཝང་ལི་ཞུང་བརྒྱུད་རྒྱ་རིགས་མི་གྲངས་ ༡༥༥༨ ཀྱིས་༸གོང་ས་མཆོག་ལ་དྲི་བ་ཁག་མི་འདྲ་བ་གྲངས་ ༣༡༧ ཕུལ་ཡོད་པ་དེ་དག་གི་ནང་ནས་དོ་སྣང་ཆེ་ཤོས་བྱེད་པའི་གལ་གནད་ཅན་གྱི་དྲི་བ་བཅུ་ལ། ཕྱི་ཟླ་ ༧ ཚེས་ ༡༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་ནས་བཀའ་ལན་སྩལ་བ་ཡོད་པ་དེ་དག་ཕྱི་ཚེས་ ༡༩ ཉིན་ནས་བཟུང་༸གོང་ས་མཆོག་གི་རྒྱ་ཡིག་ཊུཝི་ཊར་དྲ་གནས་ནང་བཏོན་ཡོད། ཅེས་འཁོད་འདུག་ལ་དེ་ཉིན་ཕྱི་ཚེས་ ༢༦ ཉིན་བོད་ཡིག་ཐོག་འདོན་གནང་མཛད་འདུག་པའི་གནས་བསྡུས་སུ།།