༄༅། །འདི་ག་བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་འདོན་སྤེལ་ཞུ་བཞིན་པའི་དེ་སྔའི་བོད་ཡིག་དྲ་རྒྱའི་རྣམ་པར་ད་ཆ་ཅུང་ཟད་ཡར་རྒྱས་བཏང་ཡོད་པ་མ་ཟད་དེ་ཉིན་ནས་བཟུང་འདི་ནས་འདོན་སྤེལ་ཞུ་བཞིན་པའི་གསར་འགྱུར་དང་དེ་མིན་གནས་ཚུལ་སོགས་རྒྱལ་སྤྱིའི་གཅིག་གྱུར་ཨང་གྲངས་སུ་ (Unicode) ཡུ་ནི་ཁོ་ཌི་ ཞེས་པའི་ཡིག་གཟུགས་ཐོག་འདོན་སྤེལ་ཞུས་ཏེ་རྒྱ་ཆེའི་དྲ་རྒྱ་གཟིགས་པ་པོ་དང་ཀློག་པ་པོ་མང་པོ་ཞིག་གཟིགས་བདེའི་ཆེད་རྣམ་པ་གསར་པ་ཞིག་ཏུ་བསྒྱུར་ཡོད་པ་འདི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་དུས་ཚིགས་ཁྱད་པར་ཅན་གྱི་ཉིན་མོ་འདིར་འགོ་འཛུགས་ཞུས་ཡོད་པས་རང་རིགས་བོད་ཕྱི་ནང་གཉིས་ཀྱི་མི་མང་རྣམས་ནས་དྲ་ཚིག་འདིའི་ནང་སྤེལ་བའི་དྲང་བདེན་གྱི་གནས་ཚུལ་རྣམས་ལ་གཟིགས་རྒྱུར་སྟབས་བདེ་ཡོང་རྒྱུའི་རེ་བ་ཞུ་བཞིན་ཡོད། དེ་བཞིན་དེ་སྔ་འདོན་སྤེལ་ཞུས་ཟིན་པའི་གསར་འགྱུར་དང་གནད་དོན་གཞན་རྣམས་ཡོངས་རྫོགས་རིམ་པས་རྒྱལ་སྤྱིའི་གཅིག་གྱུར་ཨང་གྲངས་འདིའི་ཐོག་བསྒྱུར་རྒྱུ་ལགས་ན་དེ་དོན་རྒྱ་ཆེའི་ཀློག་པ་པོ་རྣམ་པས་ཐུགས་འཇགས་ཡོང་བ་ཞུ།།
གསར་གནས།
འབྲེལ་གནས།