ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་རང་གཞུང་ཤེས་རིག་ལྷན་ཁང་ཟུང་འབྲེལ་ཐོག་ཕྱི་ལོ་ ༢༠༡༠༢༠༡༡ སློབ་དུས་རིང་གི་དགེ་རྒན་འོས་སྦྱོང་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་གོ་སྒྲིག་ཞུ་གཏན་འཁེལ་བ་དང་། འོས་སྦྱོང་གི་འཛུལ་རྒྱུགས་ ༢༠༡༠ ཕྱི་ཟླ་ ༧ ཚེས་ ༡༩ དང་ཚེས་ ༢༠ ལ་ཝ་ཎ་གཙུག་ལག་སློབ་གཉེར་ཁང་དུ་གཏང་རྒྱུ་ཡིན། གོང་གསལ་སློབ་དུས་རིང་གི་དགེ་རྒན་འོས་སྦྱོང་ནང་ས་དམིགས་ ༣༠ ཡོད་ཁོངས་ནས།
༡་བོད་ཀྱི་སྐད་ཡིག་དང་རྒྱལ་རབས་རྒྱབ་ལྗོངས་ཅན་གྱི་ཆེད་དུ་ས་དམིགས། གྲངས། ༢༠
༢་ཨང་རྩིས་དང་ཚན་རིག སྤྱི་ཚོགས་ཚན་རིག་རྒྱབ་ལྗོངས་ཅན་གྱི་ཆེད་དུ་ས་དམིགས། གྲངས། ༡༠
ཨང་རྩིས་དང་ཚན་རིག་སོགས་ཀྱི་རྒྱབ་ལྗོངས་ཅན་གྱི་ས་དམིགས་ལྷག་ལུས་བྱུང་ཚེ་བོད་ཀྱི་སྐད་ཡིག་དང་རྒྱལ་རབས་རྒྱབ་ལྗོངས་ཅན་གྱི་ས་དམིགས་སྟེང་བསྣན་རྒྱུ་ཡིན།
འོས་སྦྱོང་དེར་ཞུགས་པར་ཚང་དགོས་ཀྱི་ཆ་རྐྱེན་རྣམས།
༡་ངོས་འཛིན་ལྡན་པའི་མཐོ་རིམ་སློབ་གཉེར་ཁང་ཞིག་ནས་མ་མཐར་བསྟན་བཅོས་དང་སློབ་དཔོན་འཛིན་གྲ་ ཡང་ན་བི་ཨེ་དང་ཨེམ་ཨེ་ཐོན་པ་གང་ཞིག མ་མཐར་བརྒྱ་ཆ་ ༥༠ ལོན་པ་དགོས་པ་དང་། གཞི་རིམ་སློབ་གྲའི་སློབ་ཚན་ལས་ཉུང་མཐར་སློབ་ཚན་གཉིས་ཐོག་བསྟན་བཅོས་འཛིན་གྲའི་གནས་ཚད་ཡོད་པ་དགོས།
༢་ཨང་རྩིས་དང་ཚན་རིག སྤྱི་ཚོགས་ཚན་རིག་གི་རྒྱབ་ལྗོངས་ཅན་གྱི་སློབ་གཉེར་བ་འོས་སྦྱོང་དེའི་ནང་ཞུགས་འདོད་ཅན་རྣམས་མཐོ་རིམ་སློབ་གཉེར་གྱི་གནས་ཚད་ལྡན་པའི་བོད་ཀྱི་སྐད་ཡིག་གི་ཤེས་ཚད་ལག་འཁྱེར་ངེས་པར་ལྡན་དགོས།
༣་འཛུལ་རྒྱུགས་ཐོན་རིགས་ནས་སྒྲིག་གཞི་གཞི་བཟུང་གྲངས་ཚད་ངེས་ཅན་སློབ་འཇུག་བྱ་རྒྱུ།
༤་རྒྱ་གར་མཐོ་སློབ་མཐུན་སྦྱིན་ལྷན་ཚོགས་ཀྱི་ལམ་སྟོན་གཞི་བཟུང་ཟུར་ཐོར་བཀོད་པའི་མི་རིགས་དང་མི་སྡེ། དབང་པོ་སྐྱོན་ཅན་སོགས་ཀྱི་ས་མིག་གི་ཆ་རྐྱེན་ཡང་སྤྱི་མཚུངས་ཡོད།
གོང་གསལ་འོས་སྦྱོང་ནང་འཛུལ་བློ་ཡོད་རིགས་ཀྱི་སློབ་གཉེར་བ་ཕོ་མོ་ཁྱད་མེད་ཆ་རྐྱེན་ཚང་རིགས་རྣམས་ནས་གསར་ཞུགས་སྙན་ཞུའི་འགེངས་ཤོག་དང་། འཛུལ་རྒྱུགས་སློབ་ཚན་བཅས་འདི་གའི་ལས་ཁུངས་སུ་ཧིན་སྒོར་ ༥༠།༠༠ ཕུལ་ཏེ་དངོས་སུ་བཞེས་པའམ་སྦྲག་བརྒྱུད་ཧིན་སྒོར་ ༥༠།༠༠ དངུལ་ཁང་གི་ཌབ་འཛིན་མཐོ་སློབ་ཀྱི་རིགས་དྲུང་མཚན་ཐོག་བཟོས་ཏེ་ཕུལ་འབྱོར་བྱུང་མ་ཐག་འདི་ནས་ཁུངས་སོ་སོར་གཏང་རྒྱུ་ཡིན།
འགེངས་ཤོག ༢༠༡༠ ཕྱི་ཟླ་ ༦ ཚེས་ ༡ ནས་བཞེས་ཆོག རྒྱུགས་སྤྲོད་ཨང་ཐོབ་དང་། གཞན་ཡང་འབྲེལ་ཡོད་ལག་འཁྱེར། ཟུར་ཐོར་བཀོད་པའི་མི་རིགས་དང་མི་སྡེ། དབང་པོ་སྐྱོན་ཅན་གང་རུང་ཡིན་ཚེ་དེའི་ལག་འཁྱེར་དང་བཅས་སྙན་ཞུ་འགེངས་ཤོག་མ་ལུས་པར་བཀང་སྟེ་ ༢༠༡༠ ཕྱི་ཟླ་ ༦ ཚེས་ ༣༠ ཚུན་འདི་གའི་རིགས་དྲུང་ལས་ཁུངས་སུ་འབྱོར་བ་དགོས་རྒྱུ་དང་། རྗེས་ལུས་གྱུར་ཚེ་འགྱངས་ཆད་ཧིན་སྒོར་ ༢༥ དང་སྦྲགས་ ༢༠༡༠ ཕྱི་ཟླ་ ༧ ཚེས་ ༡༠ ཚུན་འདི་གར་ངེས་པར་འབྱོར་དགོས།
འགེངས་ཤོག་ཚད་ལྡན་མ་བཀང་བ་དང་། གོང་གསལ་དུས་བཀག་གི་ཚེས་གྲངས་ལས་འདས་རྗེས་སུ་འབྱོར་བའི་སྙན་ཞུའི་རིགས་ལ་བསམ་ཞིབ་བྱ་རྒྱུ་མིན་ཞིང། སྙན་ཞུའི་འགེངས་ཤོག་དོད་ཕྱིར་སློག་བྱ་རྒྱུ་མིན་པ་བཅས་ཀྱི་གསལ་བསྒྲགས་སུ།
བོད་གཞུང་ཤེས་རིག་ལས་ཁུངས་དང་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ཟུང་གིས་
༢༠༡༠ ཕྱི་ཟླ་ ༦ ཚེས་ ༡ ལ།།
Registrar
Central University of Tibetan Studies,
Sarnath,Varanasi-221007
U.P.India
Tel-0542-2585242/2585148
Fax:0542-2585150