༢༠༡༠ ཟླ་ ༥ ཚེས་ ༡༣ རེས་གཟའ་ཕུར་བུ།
༄༅། །ཨ་རི་ཁེ་ལི་ཕོར་ནི་ཡར་གནས་སྡོད་བྷོ་ཌུ་ཨིང་མཐོ་སློབ་ Bowdoin College ནང་ཚན་རིག་སློབ་སྦྱོང་ Biochemistry བྱེད་མཁན་སློབ་བུ་བསྟན་འཛིན་བཀྲ་ཤིས་ལ་དབྱིན་ཡུལ་ནང་ཨོ་ས་ཕོརཌ་གཙུག་ལག་སློབ་ཁང་ Oxford University དུ་སློབ་སྦྱོང་བྱ་རྒྱུའི་ཀེ་ས་བི་སློབ་ཡོན་ Keasbey Scholarship ཐོབ་ཡོད། སློབ་ཡོན་དེ་འདེམས་ཐོན་བྱུང་བའི་སློབ་མ་གཉིས་ལ་མ་གཏོགས་ཐོབ་ཀྱི་མེད། སློབ་བུ་བསྟན་འཛིན་བཀྲ་ཤིས་ལ་ཕ་རན་སི་ནང་ཉམས་ཞིབ་བྱ་རྒྱུའི་སློབ་ཡོན་ཞལ་བཞེས་ཐོབ་ཡོད་ཀྱང་གོང་འཁོད་སློབ་ཡོན་གྱི་ཆེད་ཕ་རན་སི་སློབ་ཡོན་བློས་བཏང་བ་རེད། སློབ་བུ་བསྟན་འཛིན་བཀྲ་ཤིས་ནི་ནད་རིགས་བརྟག་དཔྱད་རིག་པའི་ཐོག་གཙུག་ལག་རབ་འབྱམས་པ་བྱ་འཆར་ཡོད་པ་དང་། དེ་རྗེས་ཨོ་ས་ཕོརཌ་ཏུ་ལོ་གཉིས་སློབ་སྦྱོང་ཐོན་མཚམས་ཨ་རིར་ཕྱིར་ལོག་གིས་འགོ་ནད་ཅན་གྱི་ན་ཚའི་ཐོག M.D/ Ph.D ཞིབ་འཇུག་གི་སློབ་སྦྱོང་བྱ་རྒྱུའི་འཆར་གཞི་ཡོད་འདུག གཞི་རྩའི་ཀེ་ས་བི་སློབ་ཡོན་འདི་བཞིན་ Marguerite Keasbey ལགས་ཀྱིས་ཕྱི་ལོ་ ༡༩༥༣ ལོར་རང་གི་ཕ་མ་གཉིས་ལ་ཆེ་བསྟོད་ཆེད་དགེ་རྩ་ཚོགས་པ་དེ་བཙུགས་ཡོད།།