༄༅། །ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༩ ཚེས་ ༢ ཉིན་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་ལོ་ ༥༠ འཁོར་བའི་དུས་དྲན་ཉིན་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞིས་བྱེས་བོད་མི་ཡོངས་ཀྱི་སྐུ་ཚབ་ཞུས་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མགོན་པོ་གང་གི་མཛད་འཕྲིན་སྤྱི་དང་། ལྷག་པར་རང་རེ་བོད་འབངས་རྣམས་ལ་མང་གཙོའི་ལམ་བཟང་གསོལ་སྩལ་བཀའ་དྲིན་བསྐྱངས་པར་བཀའ་དྲིན་རྗེས་དྲན་མཚོན་ཕྱིར་གསེར་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུ་རྒྱུའི་ཐུགས་གཏན་འཁེལ་བ་ལྟར་གཟེངས་རྟགས་གསར་བཞེངས་ཀྱི་འབྲེལ་མཚོན་དུ་བོད་མི་ཡོངས་ནས་རང་རང་བློས་བཅད་ཀྱི་ཞལ་འདེབས་འབུལ་འཐུས་གནང་བ་བཞིན་རྒྱ་བལ་འབྲུག་གསུམ་ནས་ཞལ་འདེབས་རྣམས་ཚོགས་དྲུང་ལས་ཁུངས་སུ་འབུལ་རྒྱུ་དང་། དེ་མིན་རྒྱལ་ཁབ་གཞན་རྣམས་ནས་ཁྱབ་ཁོངས་སྐུ་ཚབ་དོན་གཅོད་སོ་སོ་བརྒྱུད་འབུལ་གནང་ཡོང་བའི་ཡོངས་ཁྱབ་གསལ་བསྒྲགས་སུ།
ཚོགས་དྲུང་ལས་ཁུངས་ནས་
ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༡ ལ།།