༢༠༡༠ ཕྱི་ཟླ་ ༥ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་དབུས་ཕྱོགས་མངའ་སྡེའི་ Wisconsin university ཝི་སི་ཀོན་སིན་གཙུག་ལག་སློབ་གཉེར་ཁང་ནང་ཕྱི་ཚེས་ ༡༥ དང་ ༡༦ བཅས་གཉིས་རིང་ཆོས་འབྲེལ་གྱི་མཛད་འཕྲིན་ཆེད་ཆིབས་སྒྱུར་སྐྱོང་སྐབས་གཙུག་ལག་སློབ་གཉེར་ཁང་དེའི་ནང་གསར་བཞེངས་གནང་བའི་སེམས་ཁམས་འཕྲོད་བསྟེན་གྱི་ཉམས་ཞིབ་བསྟི་གནས་ཁང་ (Center For Investigating healthy Mind) ཞིག་དབུ་འབྱེད་བསྐྱངས་ཡོད། གཙུག་ལག་སློབ་གཉེར་ཁང་གི་སེམས་ཁམས་འཕྲོད་བསྟེན་གྱི་ཉམས་ཞིབ་བསྟི་གནས་ཁང་ཞེས་པ་དེ་ཨར་ལས་འཛུགས་སྐྲུན་གནང་མཁན་ Neuron Construction ནིའུ་རོན་ཨར་ལས་ཞེས་པའི་ཁེ་གཉེར་ལས་ཁང་དེའི་འགན་འཛིན་ལྕམ་སྐུ་ཌེ་ཎི་ཟི་ལེན་གྱིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་བསྟི་གནས་ཁང་འདིར་ཆིབས་སྒྱུར་བསྐྱང་རྒྱུར་ཧ་ཅང་དགའ་བསུ་ཡོད། ང་ཚོས་བསྟི་གནས་ཁང་འདི་ལྟ་བུ་ཞིག་གསར་དུ་འཛུགས་སྐྲུན་བྱེད་ཐུབ་པ་ནི་དགའ་སྤོབས་བྱུང་། བསྟི་གནས་ཁང་གི་དབུ་འབྱེད་ཀྱི་མཛད་སྒོ་འདི་ང་ཚོས་ཐོན་གསར་གྱི་འཛུགས་སྐྲུན་བྱེད་ཕྱོགས་ཐོག་མངོན་གསལ་བྱེད་རྒྱུའི་དུས་སྐབས་ཤིག་ཡིན། ཞེས་བརྗོད་ཡོད། གོང་ཞུས་ཀྱི་སེམས་ཁམས་འཕྲོད་བསྟེན་ཉམས་ཞིབ་བསྟི་གནས་ཁང་དེ་ཚན་རིག་དང་བཅས་ཏེ་འཛམ་གླིང་ནང་སེམས་ཁམས་ཀྱི་སྤུས་ཚད་ལེགས་སུ་བཏང་སྟེ་བདེ་སྐྱིད་དང་ཆོག་ཤེས་བྱེད་འོས་པའི་སྤྱི་ཚོགས་ཤིག་བསྐྲུན་ཐབས་ཡིན་པ་རེད། མེ་རོ་ཁེ་གཉེར་ལས་ཁང་དེ་ནི་ཨ་རིའི་ནང་འཕེལ་རྒྱས་ཤུགས་ཆེན་འགྲོ་བཞིན་པ་ཞིག་ཆགས་ཀྱི་ཡོད་པ་དང་། ཝི་སི་ཀོན་སིན་མངའ་སྡེའི་ནང་ཨར་ལས་ཀྱི་འཛུགས་སྐྲུན་ཐོག་ཁེ་གཉེར་ལས་ཁང་ཆེ་ཤོས་ཤིག་ཡིན་པ་བཅས།།