༄༅། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཞི་བཅུ་པ་ནང་གསལ་ལྟར་འཆར་འབུལ་ཕྱག་རྟགས་རིན་པོ་ཆེ་སྤྱི་བསྩལ་དགོངས་དོན། སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༧ རེས་གཟའ་མིག་དམར་ནས་ཕྱི་ཟླ་ ༩ ཚེས་ ༡༧ རེས་གཟའ་པ་སངས་བར་ལས་དུས་ཉིན་གྲངས་ ༡༠ རིང་བཞུགས་སྒར་སྤྱི་འཐུས་ཚོགས་ཁང་དུ་འཚུག་གཏན་འཁེལ་སོང་ན་བོད་མི་མང་སྤྱི་འཐུས་རྣམས་ཕྱི་ཟླ་ ༩ ཚེས་ ༦ ཉིན་ཚོགས་དྲུང་ལས་ཁུངས་སུ་ངོ་བཅར་ཐོ་འགོད་འབུལ་དགོས་པ་བཅས་ཀྱི་ཚོགས་བརྡ་གསལ་བསྒྲགས་སུ།
ཚོགས་དྲུང་ལས་ཁུངས་ནས་ ༢༠༡༠ ཟླ་ ༥ ཚེས་ ༤ ལ།།