༢༠༡༠ ཕྱི་ཟླ་ ༥ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ས་གནས་རང་བདེན་ཚོགས་ཆུང་གི་བཏང་གནས་ནང་འཁོད་དོན། ཕྱི་ལོ་༡༩༦༦ ལོར་གཞིས་ཆགས་གསར་འཛུགས་ཀྱིས་ཐོགས་མའི་གཞིས་མི་སེར་སྐྱ་གྲངས་ ༤༥༠༠ ཙམ་བྱུང་ཡོད་པ་དང་། ད་ལྟའི་ཆར་གཞིས་མི་སེར་སྐྱ་གྲངས་༡༦༩༩༤ ཙམ་ལ་ས་ཞིང་ཨེ་ཀར་གྲངས་ ༤༠༥༤ ཐོག་རྒྱ་གར་བྱང་ཕྱོགས་ཀར་ན་ཀྲ་ཀའི་ནང་ཆགས་ཡོད། མོན་གྷོ་གཞིས་ཆགས་སུ་ཕྱི་ལོ་༡༩༧༢ ལོར་ས་གནས་རང་དབང་བདེན་པའི་ལས་འགུལ་ཐོག་མ་དེ་བཙུགས་ནས་མི་ལོ་ ༤༤ རིང་ཟུར་དུ་ལས་ཁང་གཏན་འཇགས་མེད་པར་ཐེངས་མང་གནས་སྤོས་བྱས་ཡོད། ད་ལྟའི་ལས་ཁང་འདི་ཕྱི་ལོ་ ༢༠༠༩ ལོར་རང་གཞུང་ནང་སྲིད་ལས་ཁུངས་ནས་ས་གནས་རང་བདེན་ཚོགས་ཆུང་ལ་གསོལ་སྩལ་བྱུང་བ་དང་། ཕྱི་ལོ་ ༢༠༠༩ ནས་ ༢༠༡༠ ནང་རང་གཞུང་དཔལ་འབྱོར་ལས་ཁུངས་ནས་བཟོ་བཅོས་འགྲོ་གྲོན་ཧིན་སྒོར་ ༢༡༤༨༥༠། ༠༠ གསོལ་སྩལ་གནང་ཡོད། སྐབས་ ༡༦ པའི་ས་གནས་རང་བདེན་ཚོགས་ཆུང་གིས་བཟོ་བཅོས་ཚུལ་མཐུན་ཞུས་ཏེ་ལས་ཁང་ལེགས་སྒྲུབ་ཀྱིས་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༢༣ ཉིན་དབུ་འབྱེད་མཛད་སྒོ་ཚོགས་ཡོད་པ་དང་། སྐབས་ ༡༧ པའི་ས་གནས་རང་བདེན་ཚོགས་ཆུང་གི་མུ་མཐུད་ལས་དོན་འགྲུབ་བཞིན་ཡོད་པ་བཅས།