༢༠༡༠ ཕྱི་ཟླ་ ༥ ཚེས་ ༢༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་གྱི་དེ་སྔའི་སྲིད་འཛིན་གཞོན་པ་སྐུ་ཞབས་བྷེ་རོན་སིངྒ་ཤེ་ཁ་བཊ་ Bhairon Singh Shekhawat མཆོག་འདས་གྲོངས་སུ་གྱུར་བར་མྱ་ངན་དང་སེམས་བསོའི་འཕྲིན་ཡིག་གཅིག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་ལྕམ་སྐུ་སུ་ར་ཇི་ཀན་བར་ Suraj Kanwar ལགས་སུ་ཕུལ་བའི་ནང་འཁོད་དོན།
བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་ཡུལ་འཁོར་ཆེན་པོ་དང་ལྷན་མང་གཙོའི་ལམ་བཟང་ལྡན་པའི་རྒྱ་གར་གྱི་སྲིད་འཛིན་གཞོན་པ་སྐབས་ ༡༡ པ་སྐུ་ཞབས་བྷེ་རོན་སིངྒ་ཤེ་ཁ་བཊ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་མྱ་ངན་གྱི་གུས་འདུད་ཞུ་བཞིན་ཡོད། དམ་པ་ཁོང་ནི་མི་མང་གི་དབུ་ཁྲིད་གཅིག་ཡིན་པས་མི་མང་ཚོས་རྟག་ཏུ་སྙིང་བཅངས་ཞུ་བཞིན་ཡོད། རཱ་ཇེ་སི་ཐཱན་མངའ་སྡེའི་སྲིད་གཞུང་རིམ་པས་བོད་མི་སྐྱབས་བཅོལ་བ་རྣམས་ལ་རོགས་རམ་གནང་བར་ང་ཚོས་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད། རཱ་ཇེ་སི་ཐཱན་ནི་བོད་མི་བལ་གོས་ཚོང་པ་མང་ཤོས་ཡོད་སའི་མངའ་སྡེ་ཞིག་ཆགས་ཡོད། དམ་པ་མཆོག་རཱ་ཇེ་སི་ཐཱན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཡིན་སྐབས་ང་ཚོའི་མི་མང་རྣམས་ཀྱི་དཀའ་ངལ་རྣམས་རྟག་ཏུ་ཤ་ཚ་ཆེན་པོས་སེལ་གནང་ཡོད། ཕྱི་ལོ་ ༢༠༠༢ ལོར་སྐུ་གཤེགས་དམ་པ་ཁོང་གིས་རྒྱ་གར་གྱི་སྲིད་འཛིན་གཞོན་པའི་མཚན་གནས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་ཡོད། དེ་བཞིན་དམ་པ་ཁོང་ནི་བོད་མི་ཚོའི་ཐོབ་ཐང་དང་རང་དབང་། དྲང་བདེན་བཅས་ཀྱི་ཐོག་དངོས་གསལ་དོད་པོས་རྒྱབ་སྐྱོར་གནང་མཁན་ཞིག་ཀྱང་ཡིན། བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དམ་པ་ཁོང་གི་ཤུལ་ལུས་ནང་མི་དང་། གྲོགས་པོ། དེ་བཞིན་དམ་པ་ཁོང་གི་སྲིད་དོན་ཚོགས་པ་བཅས་ལ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད།འཕྲིན་ཡིག་ངོ་མ་དབྱིན་ཡིག་ནང་ཡོད་པ་དེར་རྩ་འཛིན་ཡོང་བ་ཞུ།