༢༠༡༠ ཟླ་ ༥ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༥ ཉིན་རྡ་ས་གངས་སྐྱིད་གསོལ་ཐབ་ཡང་སྟེང་ཚོགས་ཁང་དུ་བོད་ཀྱི་དགེ་རྩ་ཚོགས་པ་དང་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཟུང་འབྲེལ་ཐོག་གཅིན་སྙི་ནད་གཞི་སྐོར་ལ་འཕྲོད་བསྟེན་བྱ་ཕྱོགས་སོགས་ཀྱི་ངོ་སྤྲོད་གནང་ཡོད། དེ་ཡང་ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཐོག་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་སྟོབས་རྒྱལ་ལགས་ཀྱི་ངོ་སྤྲོད་གནང་རྗེས་བོད་ཀྱི་དགེ་རྩ་ཚོགས་པའི་སྨན་ཞབས་པ་ཚེ་རིང་ལྷ་མོ་ལགས་ཀྱི་ན་ཚ་དེའི་ངོ་བོ་འགྲེལ་བཤད་དང་། དེ་ནས་གཅིན་སྙི་ནད་གཞི་སྐོར་གྱི་ཆེད་ལས་པ་ཌན་མག་ཡུལ་ནས་ཡིན་པའི་སྨན་ཞབས་མར་རི་ཐ་ཞུ་བ་ནས་ལུས་པོར་འཕྲོད་བསྟེན་གནང་ཕྱོགས་ལམ་སྟོན་དང་ནད་ཀྱི་ངོ་བོའི་འགྲེལ་བཤད་ཞིབ་རྒྱས་གནང་རྗེས་དྲི་བ་དྲི་ལན་གནང་ཡོད་ལ་སང་ཉིན་ཞོགས་པ་བརྟག་དཔྱད་ཀྱང་གནང་རྒྱུ་ཡིན་འདུག ཐེངས་འདིར་སྲི་ཞུ་བ་རྒན་གྲས་ ༤༠ ལྷག་བཅར་འདུག་པ་བཅས།