༢༠༡༠ ཕྱི་ཟླ་ ༥ ཚེས་ ༢༩ རེས་གཟའ་སྤེན་པ།
༄༅། །རྒྱ་ནག་གི་ཉིན་རེའི་དྲ་རྒྱའི་ (China Daily) ནང་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༢༩ ཉིན་སྔ་དྲོ་ཆུ་ཚོད་ ༡༠།༢༩ ཐོག་བོད་མདོ་ཁམས་སྒ་སྐྱེ་རྒུ་མདོ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་ཡང་བསྐྱར་ས་ཡོམ་ཤུགས་ཚད་ ༥།༩ བརྒྱབ་ཡོད་སྐོར་བཀོད་འདུག འོན་ཀྱང་ཨ་རིའི་ས་གཤིས་བརྟག་དཔྱད་རིག་པས་ (Geologist) ས་ཡོམ་དེའི་ཤུགས་ཚད་ ༥།༤ ཡིན་པ་བརྗོད་ཡོད་སྐོར་བཀོད་འདུག དེ་བཞིན་ཨེ་པི་གསར་འགྱུར་ནང་ས་གནས་དཔོན་རིགས་ཚོར་ད་ལྟའི་ཆར་འཆི་སྐྱོན་དང་། གོད་ཆག་རིགས་བྱུང་བའི་གནས་ཚུལ་འབྱོར་མེད་ལུགས་བཀོད་འདུག དེ་སྔ་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༤ ཉིན་ས་ཡོམ་ཤུགས་ཆེ་བརྒྱབ་རྐྱེན་མི་རྒྱུ་ཟོག་གསུམ་ལ་གོད་ཆག་ཚབས་ཆེན་བྱུང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།