༢༠༡༠ ཕྱི་ཟླ་ ༤ ཚེས་ ༢༨ རེས་གཟའ་ལྷག་པ།
༄༅། །རྒྱ་ནག་གཞུང་གི་ཤིང་ཧ་གསར་འགྱུར་ནས་སྤེལ་བའི་གནས་ཚུལ་ལྟར་ན་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༤ ཉིན་བོད་མདོ་ཁམས་སྒ་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་ཤུགས་ཆེའི་འོག་མི་གྲངས་ ༢༡༩༢ ཙམ་རྐྱེན་འདས་སུ་གྱུར་བ་དང་། མི་གྲངས་ ༡༢༠༠༠ ཙམ་ལ་རྨས་སྐྱོན་ཕོག་པ་བཅས་མི་ཕྱུགས་ནོར་གསུམ་ལ་གནོད་འཚེ་ཚབས་ཆེ་བྱུང་ཡོད་པ་མ་ཟད། གནའ་བོའི་ནང་པའི་ལྷ་ཁང་དང་རྩ་ཆེའི་དགོན་སྡེ་ཁག་གཅིག་རྩ་གཏོར་ཕྱིན་ཡོད། སྤྱིར་བོད་མདོ་ཁམས་སྒ་སྐྱེ་རྒུ་མདོར་གནའ་དེང་གི་དགོན་སྡེ་བསྡོམས་ ༢༣༨ ཙམ་ཡོད་པའི་ནང་དགེ་འདུན་པ་གྲངས་ ༢༣༠༠༠ ཙམ་ཡོད་འདུག་པ་དང་། ས་ཡོམ་གྱི་གོད་ཆག་འོག་དགོན་པ་ ༨༧ ཙམ་རྩ་གཏོར་ཕྱིན་ཡོད་པ་མ་ཟད། དགོན་པའི་ནང་ཡོད་པའི་རྩ་ཆེའི་གསུང་རབ་དང་སྐུ་བརྙན། ལྡེབས་རིས། སྐུ་ཐང་བཅས་སྲོལ་རྒྱུན་གྱི་ནང་རྟེན་ཁག་གཅིག་ལའང་སྣོད་འཚེ་གང་ཙམ་ཕོག་ཡོད་སྐོར་འཁོད་འདུག་པ་བཅས།།