༢༠༡༠ ཕྱི་ཟླ་ ༤ ཚེས་ ༢༠ རེས་གཟའ་མིག་དམར།
༄༅། །ལྡི་ལི་བོད་སྒར་བསམ་ཡས་གླིང་ས་གནས་འགོ་འཛིན་ལས་ཁང་ནས་འདི་གར་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༤ ཉིན་བོད་མདོ་ཁམས་སྒ་སྐྱེ་རྒུ་མདོར་ས་ཡོམ་གྱི་འཇིག་པ་ཚབས་ཆེན་བྱུང་སྟེ་མི་གྲངས་ཧ་ཅང་མང་པོར་སྲོག་སྐྱོན་དང་། སྟོང་ཕྲག་མང་པོར་རྨས་སྐྱོན། དགོན་སྡེ་གྲྭ་ཚང་། སློབ་གྲྭ། སྡོད་ཁང་སོགས་མཁོ་རྒུའི་ཡོ་ཆས་རྩ་བརླག་ཏུ་སོང་སྟེ་དཀའ་སྡུག་བསམ་ཡུལ་ལས་འདས་པ་མྱངས་དང་མྱོང་བཞིན་ཡོད་པ་ཁོང་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུས་སླད་ལྡི་ལི་བོད་སྒར་བསམ་ཡས་གླིང་ས་གནས་འགོ་འཛིན་ལས་ཁང་དང་། བརྒྱ་འཐུས་ལས་ཁུངས། ས་གནས་གཞོན་ནུ། ས་གནས་བུད་མེད་ལྷན་ཚོགས་བཅས་ལྡི་ལི་ས་གནས་ཀྱི་ཚོགས་སྐྱིད་ཐུན་མོང་ནས་གོ་སྒྲིག་འོག་འདི་ཟླའི་ཕྱི་ཚེས་ ༡༤ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༧།༣༠ ཐོག་མར་མེ་མཆོད་འབུལ་དང་། ཕྱི་ཚེས་ ༡༥ ཉིན་ནས་བཟུང་བདུན་ཕྲག་གཅིག་གི་རིང་སྔ་དྲོ་ཆུ་ཚོད་ ༧།༣༠ ནས་ ༩ བར་ས་ཡོམ་གྱི་གོད་ཆག་འོག་ཚེ་སྲོག་ཤོར་བ་རྣམས་འཕགས་མཆོག་ཕྱག་ན་པདྨོའི་རྗེས་སུ་བཟུང་བའི་གསོལ་འདེབས་སྨོན་ལམ་ཚོགས་དང་འཚོགས་མུས་ཡིན་པ་བཅས་ཀྱི་གནས་བསྡུས་སུ།།