༢༠༡༠ ཕྱི་ཟླ་ ༤ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༢༡ རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གཞུང་གིས་སྐྱེ་རྒུ་མདོར་ས་ཡོམ་བྱུང་བར་རྒྱལ་ཡོངས་མྱ་ངན་གི་ཉིན་མོར་སྲུང་བརྩི་ཞུས་ཡོད། འོན་ཀྱང་མྱ་ངན་དུས་དྲན་གྱི་མཛད་སྒོའི་ཉིན་རྒྱ་ནག་རྒྱལ་ཡོངས་བརྙན་འཕྲིན་ནང་རྒྱ་ནག་གཞུང་གི་དམག་མི་དང་ཉེན་རྟོག་མི་སྣས་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་ཤུགས་ཆེ་ཕོག་པའི་ཡུལ་མི་ཚོར་ཟས་གོས་དང་སྡོད་གུར། དེ་བཞིན་འཐུང་ཆུ་བཅས་ཀྱི་རོགས་རམ་བྱེད་ཀྱི་ཡོད་པ་མ་ཟད། དམག་མི་ཁག་གཅིག་སྲོག་རླུང་མ་འདང་པའི་དཀའ་ངལ་དང་། ཡུལ་མི་ཚོ་དང་སྐད་ཀྱི་གོ་བརྡ་མ་འཕྲོད་པའི་དཀའ་ངལ་ལ་མ་ལྟོས་པར་དཔའ་མཛངས་ཆེན་པོས་ངལ་སེལ་རོགས་སྐྱོབ་བྱས་ཡོད་ཚུལ་བརྙན་འཕྲིན་བརྒྱུད་ཆུ་ཚོད་མང་པོའི་རིང་བསྟན་པ་མ་གཏོགས་སྐབས་དེར་བརྙན་འཕྲིན་ནང་བོད་པའི་དགེ་འདུན་པ་ཚོས་ངལ་སེལ་རོགས་སྐྱོར་ཤུགས་ཆེ་གནང་ཡོད་པའི་ཁོངས་ནས་གཅིག་ཀྱང་བསྟན་མེད་སྐོར་གྱི་དངོས་ཡོད་གནས་ཚུལ་ཞིག་ཨེ་པི་ (AP) གསར་འགྱུར་ནང་འདོན་སྤེལ་བྱས་འདུག