བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ ༢༠༡༠
༄༅། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ ༢༠༡༠ རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་ ༢༠༡༠ ཟླ་ ༨ ཚེས་ ༢༦ ནས་ཚེས་ ༣༡ བར་ཚོགས་གཏན་འཁེལ་བའི་རྒྱ་ཁྱབ་གསལ་བསྒྲགས་དང་། ཚོགས་མི་ཡོང་ཁུངས་སོ་སོ་བཅས་ལ་ཚོགས་བརྡ་སྔོན་སོང་ལྟར་བློ་མངའ་ཡོད་པ་དེ་ལྟར་དང་། ཚོགས་འདུ་གྲུབ་རྗེས་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་རྩིའི་ལས་རིམ་གྱི་ཐོག་མར་ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༡ ཉིན་ཇི་ལྟར་གསོལ་འདེབས་བཀའ་བཞེས་སྩལ་སྨིན་བྱུང་བ་བཞིན་བོད་གཞིས་བྱེས་ཡོངས་ཀྱི་འདི་ཕྱི་གཉིས་ཀྱི་༸སྐྱབས་མགོན། ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། ༸སྤྱི་ནོར་༸གོང་ས་ཆེན་པོ་མཆོག་ལ་གཞུང་མང་བརྟན་བཞུགས་འདེགས་འབུལ་ཞུ་རྒྱུ་དང་། ཚེས་ ༢ ཉིན་མང་གཙོའི་དུས་དྲན་སྲུང་རྩི་གནང་རྒྱུ་ཐུགས་གཏན་འཁེལ་བ་བཞིན་ཚོགས་བཅར་བ་རྣམས་ཀྱི་ཚོགས་འདུའི་རིང་ཞུ་སྒོའི་ལམ་སྟོན་ཁག་ཅིག་གཤམ་གསལ། ཚོགས་བཅར་བའི་འགྲིམས་འགྲུལ་འགྲོ་སོང་ཐད། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། དྭང་བླངས་ཐུགས་སྣང་ཅན་རྣམས་ཀྱི་འགྲོ་སོང་རྒྱགས་རང་འཁུར་དང་། དེ་བྱིངས་ཚོགས་མི་རྣམས་ཀྱི་འགྲོ་སོང་ཁུངས་སོ་སོའི་རྩིས་ཁུངས་ནས་འགན་འཁུར་ཞུ་དགོས། དེ་བཞིན་བཞུགས་འཚེར་སོགས་ཀྱང་དེ་མཚུངས་ཞུ་དགོས། གྲོས་གཞི་ལྟར་ཚོགས་ཆུང་ཆ་བགོས་ཟིན་པ་རྣམས་ཁུངས་སོ་སོའི་ཚོགས་ཚུང་ནང་ཚོགས་བཅར་དགོས་པ་ལས་བརྗེ་བསྒྱུར་མི་ཆོག གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། དྭང་བླངས་ཐུགས་སྣང་ཅན་བཅས་ཀྱི་ཚོགས་བཅར་བ་རྣམས་ཀྱི་མིང་དང་། གྲོས་གཞི་ལྟར་གྱི་ཚོགས་ཆུང་ཆ་བགོས་ཀྱི་སྡེ་ཚན་གར་བཞུགས་སྡེ་ཚན་གྱི་མིང་དང་། ཚོགས་པའམ་ས་གནས་ག་ནས་ཡིན་པའི་མིང་བཅས་ཁ་གསལ་བཀོད་དེ་ཞུ་སྙན་འབུལ་དགོས། དྭང་བླངས་ཚོགས་བཅར་བ་རྣམས་ཀྱི་མཚན་ཐོ་འབྱོར་རིམ་བཞིན་ (First come First served) འདི་གར་ཐོ་འགོད་གནང་རྒྱུར་ཡོང་ཁུངས་ཀྱི་གྲང་བཅད་ཚོགས་བཅར་བ་མི་གྲངས་ ༢༥ ཚང་མཚམས་ཐོ་གཞུང་ནང་འགོད་འཇུག་བྱེད་མཚམས་འཇོག་རྒྱུ། ཕྱི་རྒྱལ་ཁག་ནས་དྭང་བླངས་ཚོགས་བཅར་བ་རྣམས་ཀྱི་མཚན་དང་། རྒྱལ་ཁབ་ཀྱི་མིང་། སྡོད་ཡུལ་ས་གནས་ཀྱི་མིང་། ཚོགས་ཆུང་གར་ཞུགས། འབྲེལ་བ་བྱ་ཡུལ་བཅས་ཁ་གསལ་མེད་ཚེ་ཆ་རྐྱེན་མ་ཚང་བར་ངོས་འཛིན་གྱིས་དོ་བདག་ལ་འབྲེལ་བ་གནང་རྒྱུ་མིན།
ཚོགས་དྲུང་ལས་ཁུངས་ནས་
ཕྱི་ལོ་ ༢༠༡༠ ཟླ་བ་ ༤ ཚེས་ ༡༤ ལ།
འབྲེལ་བ་བྱ་ཡུལ།
Secretary
Tibetan Parliament-In- Exile
Gangchen Kyishong
Dharamsala-176215
Distt-Kangra(H.P)
Dharamsala-India
Phone:0189222481 Fax:01892-24593
Mobile no.9418032481