༢༠༡༠ ཕྱི་ཟླ་ ༤ ཚེས་ ༢༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་སར་གནས་སྡོད་ས་ཡོམ་གྱི་གོད་ཆག་ཕོག་པ་རྣམས་ཀྱི་སྤུན་མཆེད་དང་རྗེས་ཤུལ་བོད་པའི་སློབ་ཕྲུག་ཁག་གཅིག་ལ་མཇལ་ཁ་སྩལ་ཡོད་པ་མ་ཟད། སྐབས་དེར་མགོན་པོ་གང་ཉིད་ཀྱིས་ཐུགས་བརྩེ་ཆེན་པོས་སློབ་མ་གཞོན་སྐྱེས་ཚོར་སེམས་ཤུགས་དང་རེ་བ་མ་བརླག་པར་སྙིང་སྟོབས་སྐྱེད་དེ་མུ་མཐུད་སྐབས་བབ་སློབ་སྦྱོང་ཧུར་ཐག་བྱེད་དགོས་པའི་བཀའ་སློབ་ཀྱང་སྩལ་ཡོད།