༢༠༡༠ ཕྱི་ཟླ་ ༤ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །དཔལ་ལྡན་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༦ ཕྱི་དྲོ་བཞུགས་སྒར་ནས་ས་ཐོག་བརྒྱུད་ཅཀྐཱི་བྷེངྐ་དུ་ཕེབས་འབྱོར་དང་དེ་ནས་ལྡི་ལི་དོན་ཁང་དུ་ཕེབས་འབྱོར་གནང་རྒྱུ། ལྡི་ལི་དོན་ཁང་ནས་གནམ་ཐང་དུ་ཕེབས་ཐོན་གྱིས་དུ་བཡི་ལ་ཕེབས་འབྱོར་དང་དེ་རྗེས་ཛུ་རི་ཀར་ཕེབས་འབྱོར་གནང་རྒྱུ། ཕྱི་ཚེས་ ༩།༡༡ ས་གནས་སུ་མཛད་འཆར། ཕྱི་ཚེས་ ༡༢ ཉིན་ཛུ་རི་ཀ་ནས་དུབཡི་ལ་ཕེབས་འབྱོར་གནང་རྒྱུ་དང་དེ་ནས་ལྡི་ལི་ཕེབས་འབྱོར་གྱིས་ལྡི་ལི་བརྒྱུད་ཕྱི་ཚེས་ ༡༤ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག དེ་བཞིན་སུད་སིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་སྒྱུར་མཛད་འཆར་ཁག་ཏུ་མཉམ་ཞུགས་དང་བོད་རིགས་མང་ཚོགས་ལ་གསུང་བཤད་སོགས་གནང་རྒྱུ་ཡིན་འདུག