༢༠༡༠ ཕྱི་ཟླ་ ༤ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༠ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནམ་གྲུ་བརྡབ་སྐྱོན་གྱི་གོད་ཆག་འོག་པོ་ལེན་ཌིའི་ (Poland) སྲིད་འཛིན་སྐུ་ཞབས་ཀཱག་ཛེན་སེ་ཀི་མཆོག་ (President Kaczynski) དང་ཕྱག་རོགས་ཀྱི་གནད་ཡོད་མི་སྣ་རྣམས་རྐྱེན་འདས་སུ་གྱུར་བར་བརྟེན། པོ་ལེན་ཌེའི་མི་མང་ཚོར་གདུང་སེམས་མཉམ་སྐྱེའི་གསུང་འཕྲིན་ཞིག་པོ་ལེན་ཌེའི་སྲིད་བློན་སྐུ་ཞབས་ཌོ་ནཱལ་ཊ་སིཀ (Prime Minister Donald Tusk) མཆོག་ལ་སྩལ་ཡོད། གསུང་འཕྲིན་དེའི་ནང་མགོན་པོ་གང་ཉིད་མཆོག་པོ་ལེན་ཌེ་ཡུལ་དུ་ཆིབས་སྒྱུར་བསྐྱངས་སྐབས་སྲིད་འཛིན་དམ་པ་ཁོང་དང་མཇལ་འཕྲད་ཀྱི་གོ་སྐབས་ཐོབ་ཡོད་པ་དེ་དག་ཐུགས་ནང་དྲན་གསོ་མཛད་ཡོད་པ་མ་ཟད། དམ་པ་དེ་ཉིད་ཀྱིས་རང་དབང་དང་། མང་གཙོ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་གནད་དོན་ཐད་ཐུགས་ཁུར་ཆེན་པོ་གནང་བ་དེ་དག་ལ་རྗེས་སུ་ཡིད་རང་ཡང་མཛད་ཡོད།གསུང་འཕྲིན་ངོ་མ་དབྱིན་ཡིག་ནང་ཡོད་པ་འདི་ག་བོད་ཡིག་ཚན་པས་ཕབས་སྒྱུར་ཞུས་པས་དབྱིན་ཡིག་ལ་རྩ་འཛིན་ཡོད་པ་ཞུ།