༢༠༡༠ ཕྱི་ཟླ་ ༣ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༢༨ ཉིན་ཅི་ལིའི་ནང་ས་ཡོམ་ཤུགས་ཆེ་བརྒྱབ་པར་བརྟེན་ མི་མང་པོའི་ཚེ་སྲོག་ཤོར་བ་དང་། གཞུང་ལམ་དང་། སྡོད་ཁང་སོགས་ལ་གོད་ཆག་ཤུགས་ཆེ་བྱུང་བར་༸གོང་ས་མཆོག་གིས་ཅི་ལི་ (Chile) སྲིད་འཛིན་ལྕམ་སྐུ་ Michelle Bachelet མེ་ཤེལ་བྷ་ཆེ་ལེཊ་མཆོག་ལ་སེམས་གསོ་ཞུ་བའི་གསུང་འཕྲིན་སྩལ་ཡོད་པའི་ནང་། སྲིད་འཛིན་ལྕམ་སྐུ་མཆོག་གིི་བརྒྱུད་ས་ཡོམ་གྱི་གོད་ཆག་ཕོག་པའི་ཁྱིམ་ཚང་ཚོར་ཐུགས་བརྩེ་ཆེན་པོས་གདུང་སེམས་མཉམ་སྐྱེ་དང་སྨོན་ལམ་མཛད་ཡོད།