༢༠༡༠ ཕྱི་ཟླ་ ༢ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༡༧ རེས་གཟའ་ལྷག་པའི་ཉིན་རུས་ཊར་གསར་སྤེལ་ཁང་ (Reuters news agency) གིས་གནས་ཚུལ་སྤེལ་གསལ་ལྟར་ན། བོད་ཀྱི་ཨ་མདོ་རེབ་གོང་ས་ཁུལ་ནང་བོད་མི་ཚོས་རྒྱ་ནག་གཞུང་གི་དམག་མིས་དམ་བསྒྲགས་ལ་མ་ལྟོས་པར་༸གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་མཆོག་ཕྱི་ཚེས་ ༡༨ ཉིན་ཨ་རིའི་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་པར་དགའ་བསུའི་གསང་གསོལ་བཏང་བ་དང་ཆབས་ཅིག་ཤོག་པག་སྤར་བ་སོགས་བྱས་ཡོད། ༸གོང་ས་མཆོག་དང་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་མཇལ་འཕྲད་གནང་རྒྱུ་ཡིན་པའི་གནས་ཚུལ་དེ་བོད་ནང་གི་བོད་མི་ཚོས་བོད་སྐད་རླུང་འཕྲིན་ཐོག་ནས་ཤེས་རྟོགས་ཐུབ་ཡོད་སྐོར་རུས་ཊར་གསར་སྤེལ་ཁང་ནས་བཏང་བའི་གནས་ཚུལ་ནང་འཁོད་ཡོད་པ་བཅས་ཀྱི་གནས་བསྡུས་སུ།།