༢༠༡༠ ཕྱི་ཟླ་ ༢ ཚེས་ ༦ རེས་གཟའ་སྤེན་པ།
ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༥ ཉིན་འདི་གར་བོད་གཞུང་ཐེ་ཝན་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། བོད་གཞུང་ཐེ་ཝན་སྐུ་ཚབ་དོན་གཅོད་ཁང་ནས་བོད་མི་རྣམས་བཙན་བྱོལ་དུ་མི་ལོ་ ༥༠ འདས་པའི་དུས་དྲན་སྲུང་བརྩི་ཞུ་པའི་ལས་རིམ་སྣ་མང་རྒྱ་ཆེ་སྤེལ་དང་སྤེལ་བཞིན་ཡོད་ཁོངས་སུ། ཕྱི་ཟླ་ ༢ ཚེས་ ༦ ནས་ཚེས་ ༢༨ བར། ཐེ་ཝན་དབུས་ས་གནས་ཀྲང་ཧཱ་རྫོང་རིག་གནས་སྡེ་ཚན་དང་མཉམ་དུ་བོད་ཀྱི་ཆོས་དང་རིག་གཞུང་གི་འགྲེམས་སྟོན་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་པ་དང་། འགྲེམས་སྟོན་གྱི་ནང་དོན་གཙོ་བོ་བོད་གཞིས་བྱེས་གཉིས་སུ་གྱར་ནས་མི་ལོ་ལྔ་བཅུ་ཧྲིལ་པོ་འདས་པའི་གནས་སྟངས་སྐོར་འདྲ་དཔར་དང་། རིག་དངོས་སོགས་ཀྱི་བརྒྱུད་ལམ་ནས་ བོད་ཕྱི་ནང་གཉིས་ཀྱི་ལོ་རྒྱུས་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་ཏེ་ཐེ་ཝན་མི་མང་གིས་བོད་ཀྱི་གནད་དོན་སྔར་ལྷག་རྒྱ་གང་ཆེ་ཤེས་རྟོགས་ཡོང་རྒྱུའི་སླད་ཡིན་ཞེས་འཁོད་འདུག