༢༠༡༠ ཕྱི་ཟླ་ ༢ ཚེས་ ༩ རེས་གཟའ་མིག་དམར།
རང་གཞུང་བཀའ་ཤག་ནས་གསལ་བསྒྲགས་སྤེལ་བར་གཞིགས་ན། ཕྱི་ལོ་ ༡༩༡༠ ནས་ ༢༠༡༠ བར་༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་རྒྱ་གར་ནང་བཙན་བྱོལ་དུ་༸ཞབས་སོར་འཁོད་དེ་ལོ་ ༡༠༠ འཁོར་བའི་གཞུང་འབྲེལ་རྗེས་དྲན་སྲུང་བརྩི་ཞུ་གཏན་འཁེལ་བ་དང་། ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༢ ཚེས་ ༢༥ སྔ་དྲོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་མཛད་སྒོ་གནང་རྒྱུ་དང་། ཉིན་རྒྱབ་ཚོུད་ ༢།༣༠ ཐོག་གངས་སྐྱིད་ལས་བྱེད་གསོལ་ཐབ་ཡང་སྟེང་ཚོགས་ཁང་དུ་དཔལ་ལྡན་བཀའ་བློན་ཁྲི་པ་ཟམ་གདོང་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་གི་གཙོས་གདན་ཞུ་མི་སྣ་འགའ་ཤས་ནས་གསུང་བཤད་གནང་གཏན་འཁེལ་འདུག་པ་བཅས་ཀྱི་གནས་བསྡུས་སུ།