༢༠༡༠ ཕྱི་ཟླ་ ༢ ཚེས་ ༡ རེས་གཟའ་ཟླ་བ།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༢༨ ཉིན་ཕ་རན་སི་ (France) གྲོས་ཚོགས་གོང་མའི་བོད་དོན་དྲིལ་བསྒྲགས་ཚན་པའི་ཚོགས་གཙོ་སྐུ་ཞབས་ཇེན་ཕ་རན་ཁོ་ཡི་སི་ཧམ་བྷཊ (Jean Francois Humbert ) མཆོག་གི་དབུ་ཁྲིད་པའི་ཕ་རན་སིེ་གྲོས་ཚོགས་གོང་མའི་བོད་དོན་དྲིལ་བསྒྲགས་ཚན་པའི་ (Tibet Information Group of the French Senate) འཐུས་མི་ཡོངས་ནས་ཏཱ་ལའི་བླ་མའི་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་དང་སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོ་དང་འབྲེལ་མོལ་གནང་ཆེད་ཟླ་ ༡ ཚེས་ ༢༦ ཉིན་རྒྱ་ནག་ལ་འབྱོར་ཡོད་པའི་གནས་ཚུལ་དེར་དགའ་བསུ་ཞུས་ཡོད། ཕ་རན་སི་གྲོས་ཚོགས་གོང་མའི་བོད་དོན་དྲིལ་བསྒྲགས་ཚན་པའི་འཐུས་མི་ཚོས་ད་རེས་བོད་རྒྱ་གཉིས་དབར་གྱི་འབྲེལ་མོལ་དེ་དོན་ཕན་ལྡན་པ་ཞིག་དང་། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ནང་བཙན་བྱོལ་གཞུང་གིས་བཏོན་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར། (Memorandum of a genuine autonomy for the Tibetan peaople) དེ་ནི་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་ཡོངས་སུ་མཐུན་པ་ཞིག་ཡིན་སྟབས་བསམ་འཆར་དེ་བོད་རྒྱ་འབྲེལ་མོལ་གྱི་རྨང་གཞི་ཡོང་བའི་རེ་བ་ཞུས་ཡོད་པ་བཅས།