༢༠༡༠ ཕྱི་ཟླ་ ༡ ཚེས་ ༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༨ ཉིན་གངས་སྐྱིད་སྤྱི་ཐབ་ཡང་སྟེང་དུ་ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཐོག་དབྱིན་ཡུལ་དུ་བཅའ་བཞུགས་སྤྱི་ཚོགས་འཕྲོད་བསྟེན་སྨན་ཞབས་ (Public Health Nurse) གཡུ་སྒྲོན་ལྷ་མོ་ལགས་ནས་མ་དང་བྱིས་པའི་འཕྲོད་བསྟེན་གནང་ཕྱོགས་སྐོར་གྱི་སློབ་གསོ་ལམ་སྟོན་གནང་ཡོད་པ་རེད། ཁོ་མོས་ཕྱི་ལོ་ ༢༠༠༤ ནས་བཟུང་བོད་ནང་མ་དང་བྱིས་པའི་འཕྲོད་བསྟེན་དང་འབྲེལ་བའི་ལས་གཞི་སྤེལ་མུས་ཡིན་པ་བཅས་ཀྱི་གནས་བསྡུས་སོ།