༢༠༡༠ ཕྱི་ཟླ་ ༡ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །འདི་གར་གཞུང་ཞབས་འདེམས་ལྷན་ནས་བཏང་གནས་ནང་འཁོད་དོན། བཙན་བྱོལ་བོད་གཞུང་གི་ལས་ཁུངས་ཁག་དང་། ཧི་མ་ཅལ་ས་ཁུལ་གྱི་ས་གནས་འགོ་འཛིན་ཁག་གི་གཞུང་ཞབས་དྲུང་གཞོན་དང་། དྲུང་ལས་ད་བར་འཛིན་སྐྱོང་ཐོག་ཟབ་སྦྱོང་མ་ཐོབ་པ་རྣམས་ལ་གཞུང་ཞབས་འདེམས་ལྷན་ནས་ཟབ་སྦྱོང་ཉིན་བཅུ་རིང་ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༡༡ ནས་ ༢༠ བར་སིམ་ལ་མངའ་གཞུང་སྦྱོང་བདར་ཁང་དུ་གོ་སྒྲིག་ཞུ་གཏན་འཁེལ་ཡོད་པ་དེར་འབྲེལ་ཡོད་ལས་ཁུངས་ཁག་དང་། ལས་བྱེད་སོ་སོར་གནས་འབྲེལ་ཞིབ་ཕྲ་ཞུས་དོན་ལྟར་དུས་བཀག་ཐོག་ས་གནས་སུ་ངོ་འབྱོར་དགོས་པའི་གསལ་བསྒྲགས་གནང་འདུག་པ་བཅས།