༢༠༠༩ ཕྱི་ཟླ་ ༡༢ ཚེས་ ༣༠ རེས་གཟའ་ལྷག་པ།
༄༅། །ལིའུ་ཞའོ་པོ་ལྟ་བུ་སྨྲ་བརྗོད་རང་དབང་བེད་སྤྱོད་བྱས་ཏེ་རང་ཉིད་ཀྱི་བསམ་ཚུལ་ཡོངས་བསྒྲགས་བརྗོད་མཁན་དག་ལ། གཞུང་གིས་དབང་ཡོད་ཀྱིས་ཁྲིམས་ཆད་བཏང་བ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཆིངས་ཀྱི་གཞི་རྩའི་ལངས་ཕྱོགས་དང་ཡོངས་སུ་འགལ་བ་མ་ཟད། རྒྱ་ནག་གི་རྩ་ཁྲིམས་སུ་གསལ་བའི་སྨྲ་བརྗོད་རང་དབང་གི་དགོངས་དོན་དང་ཡང་འགལ་ཡོད། ངོས་ནས་རྒྱ་ནག་གཞུང་གིས་སྐུ་ཞབས་ལིའུ་ཞའོ་པོ་དང་། ཁོང་དང་འདྲ་བར་སྨྲ་བརྗོད་ཀྱི་དབང་གིས་བཙོན་འོག་ཏུ་ཚུད་པའི་སྲིད་དོན་གྱི་བཙོན་པ་རྣམས་གང་མགྱོགས་གློད་གྲོལ་ཡོང་བའི་འབོད་སྐུལ་དང་རེ་བ་བྱེད་བཞིན་ཡོད། སྐུ་ཞབས་ལིའུ་ཞའོ་པོ་དང་ཁོང་གི་བཟའ་ཟླ་ནང་མི་བཅས་ལ་འཚམས་འདྲི་དང་སྨོན་ལམ་བཅས།
ཏཱ་ལའི་བླ་མས།
༢༠༠༩ ལོའི་ཟླ་ ༡༢ ཚེས་ ༢༨ ལ།