༢༠༠༩ ཕྱི་ཟླ་ ༡༢ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༡༨ ཉིན་གྱི་སྔ་དྲོ་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཨན་ལྡ་ར་མངའ་སྡེའིི་ (Andra Pradesh) རྒྱལ་ས་ཧེ་དྷར་བྷ་ཌིར་ ( Hyderabad) ཆིབས་སྒྱུར་བསྐྱངས་ཏེ་མངའ་སྡེའི་བློན་ཆེན་ (Chief Minister Mr. K. Rosaiah) སྐུ་ཞབས་རོ་ཤི་ཡ་མཆོག་དང་མཇལ་འཕྲད་མཛད་ཡོད།
སྐབས་དེར་མངའ་སྡེའི་བློན་ཆེན་མཆོག་ལ་མགོན་པོ་གང་ཉིད་མཆོག་གིས་རྒྱལ་ས་ཧེ་དྷར་བྷ་ཌེར་དེ་སྔ་ཕྱི་ལོ་ ༢༠༠༦ ལོར་ཆིབས་སྒྱུར་སྐབས་ཀྱི་གནས་སྟངས་ལས་ད་ཆ་ཡར་རྒྱས་ཆེ་བ་ཕྱིན་ཡོད་སྐོར་བཀའ་སྩལ་ཡོད་པ་མ་ཟད། དམིགས་བསལ་གྱི་རྒྱལ་ས་དེའི་ནང་རྒྱལ་སྤྱིའི་གནམ་ཐང་གཙོས་པའི་འཛུགས་བསྐྲུན་གྱི་ལས་གཞི་ཐོག་ཧ་ཅང་ཡར་རྒྱས་ཕྱིན་ཡོད་པའི་རྣམ་པ་ཡོད་སྐོར་དང་ད་དུང་མགོན་པོ་གང་ཉིད་མཆོག་གིས་ཨན་ལྡ་ར་མངའ་སྡེའི་ནང་སོ་ནམ་དང་། བཟོ་གྲྭ། མི་མང་གི་ཤེས་ཡོན་གནས་ཚད་སོགས་ཀྱི་ཐོག་གནས་སྟངས་ཇི་ཡིན་སྐོར་བློན་ཆེན་མཆོག་ལ་བཀའ་འདྲི་མཛད་པར་བློན་ཆེན་མཆོག་གིས་ཤེས་ཡོན་དེ་གལ་ཆེ་ཞིག་ལ་རྩི་གི་ཡོད་པས་ལོ་ལྔ་དང་ཕྱེད་ཀའི་ནང་ཨན་ལྡར་མངའ་སྡེའི་ནང་མཐོ་སློབ་ ༡༧ ཙམ་གསར་འཛུགས་བྱས་ཡོད་མ་ཟད། ད་ལྟའི་ཆར་མངའ་སྡེའི་ནང་མི་མང་བྲིས་ཀློག་ཤེས་མཁན་གྱི་བརྒྱ་ཆ་ ༦༠ ཙམ་ཡིན་པ་དང་ད་དུང་ཚད་གཞི་གོང་མཐོར་གཏོང་རྒྱུར་དམིགས་བསལ་ཐབས་ལམ་འཚོལ་བཞིན་ཡོད་སྐོར་ཞུས་ཡོད། དེ་རྗེས་ས་གནས་བོད་མི་སུད་ཚོང་བ་ཁག་གཅིག་དང་བོད་ཕྲུག་མཐོ་རིམ་སློབ་ཕྲུག་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་དོན། ཁྱེད་ཚོས་དཀའ་ལས་བརྒྱབ་ནས་གསོག་འཇོག་བྱས་པའི་དངུལ་དེ་དག་ཆང་རག་སོགས་བག་མེད་དུ་འཕྲོ་བརླག་མ་བཏང་བར་དངུལ་དེ་དག་བེད་སྤྱོད་ཡག་པོ་བྱེད་དགོས། ཞེས་དང་། དེ་བཞིན་༸གོང་ས་མཆོག་གིས་རྩ་བརླག་ཏུ་འགྲོ་ཉེན་ཡོད་པའི་བོད་ཀྱི་ཆོས་དང་རིག་གཞུང་ཡུལ་སྲོལ་གོམས་གཤིས་དེ་དག་བོད་མི་རྣམས་ཀྱིས་བདག་གཅེས་དང་འཛིན་སྐྱོང་བྱས་པའི་ཐོག་ས་གནས་གང་དུ་གནས་ཀྱང་སོ་སོ་རང་ཉིད་བོད་པ་ཞིག་ཡིན་བསམ་པའི་འདུ་ཤེས་དེ་འཛིན་དགོས་སྐོར་བཀའ་སྩལ། ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་མཐོ་སློབ་སྒྲིམ་བཞིན་པའི་བོད་མི་ན་གཞོན་ཚོར་རྒྱལ་ཁབ་དང་མི་རིགས་ཡར་རྒྱས་གཏོང་རྒྱུར་དེང་དུས་ཤེས་ཡོན་དེ་དག་ལག་ཆ་ཤིན་ཏུ་གལ་ཆེ་ཞིག་ཆགས་ཡོད་སྟབས་དེང་དུས་ཤེས་ཡོན་ཐོག་ཧུར་བརྩོན་དགོས་པའི་བཀའ་སློབ་བཀའ་དྲིན་ཆེ་བ་ཕེབས་ཡོད།
དེ་རྗེས་ཁུལ་དེར་རྒྱ་གར་ཚོང་ལས་སྡེེ་ཚན་གྱི་འགོ་ཁྲིད་ན་གཞོན་ཁག་གཅིག་ལ། དཀའ་རྙོག་ཅན་གྱི་འཛམ་གླིང་ནང་བདེ་སྐྱིད་བསྐྲུན་ཐབས། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་སྲོལ་རྒྱུན་ནས་དར་བའི་འཚེ་མེད་ཞི་བ། འཆམ་མཐུན། མཛའ་སེམས། བྱམས་པ་སོགས་ལ་གཞི་བཅོལ་བའི་ལྟ་གྲུབ་དེར་བསྔགས་བརྗོད་མཛད་ནས་སྐུ་ཉིད་རྒྱ་གར་གྱི་སྲོལ་རྒྱུན་ནས་བྱུང་བའི་བཟང་སྤྱོད་ཀྱི་ལྟ་གྲུབ་དེ་དག་བརྡ་ལན་སྤྲོད་མཁན་ཞིག་ཡིན་པ་དང་། རྒྱ་གར་དུ་བཙན་བྱོལ་བ་བྱས་ཏེ་ད་བར་མི་ལོ་ ༥༠ ཙམ་ཕྱིན་ཡོད་པར་བརྟེན་རྒྱ་གར་གྱི་བུ་ཞིག་ཡིན་པར་དགོངས་བཞེས་གནང་གི་ཡོད་སྐོར་བཀའ་སྩལ་བ་དང་ཆབས་ཅིག་རྒྱ་གར་གཞུང་དམངས་གཉིས་ཀྱིས་བོད་མི་བཙན་བྱོལ་བ་ཚོར་ད་བར་ཁ་ཞེ་གཉིས་མེད་ཀྱིས་རོགས་རམ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་མཛད་ཡོད།
ད་ཐེངས་༸གོང་ས་མཆོག་ལ་གདན་ཞུའི་གསོལ་འདེབས་ཞུ་མཁན་ནི་རྒྱལ་སྤྱིའི་ཚོང་ལས་ཚོགས་པའི་ (Young President`s Organization) ཡན་ལག་ཁུལ་དེར་ཡོད་པའི་ཚོང་ལས་ཚན་པ་དེ་ཡིན་པ་དང་། ཚོགས་པ་དེས་རྒྱལ་སྤྱིའི་ཚོང་ལས་ཀྱི་འགོ་ཁྲིད་ན་གཞོན་ཕན་ཚུན་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་ཀྱི་ལས་འགུལ་སྤེལ་མུས་ཡིན་པ་བཅས་ཀྱི་གནས་བསྡུས་སུ།