༢༠༠༩ ཕྱི་ཟླ་ ༡༢ ཚེས་ ༥ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནི་ཁུལ་གྱི་མཛད་འཆར་རྣམས་ལེགས་པར་གྲུབ་རྗེས་ནིའུ་ཛི་ལནཌིར་ཆིབས་༸ཞལ་བསྒྱུར། ནིའུ་ཛི་ལནཌིའི་མཛད་འཆར་གོ་སྒྲིག་ཚོགས་ཆུང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཁུལ་དེར་༸གོང་ས་མཆོག་གིས་མང་ཚོགས་ལ་ཉིན་གྲངས་གཉིས་རིང་ ༼བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་དང་། ང་ཚོའི་མ་འོངས་པ་དང་དེའི་འགན་འཁྲི་སུ་ལ་ཡོད་༽ (Our future: who is responsible)ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་སྩལ་རྒྱུ་ཡིན་པ་དང་། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་ནིའུ་ཛི་ལནཌིིར་གནས་སྡོད་བོད་མི་རྣམས་ལ་མཇལ་འཕྲད་དང་བཀའ་སློབ་སྩལ་རྒྱུ། ཁུལ་དེའི་བཞུགས་གནས་མགྲོན་ཁང་ནས་ཝིཀ་ཊོར་ཨེ་རི་ན་ Vector Arena ཚོམས་ཆེན་བར་དུ་ཆིབས་སྒྱུར་སྐྱོང་སྐབས་ཕེབས་ལམ་དུ་དད་ལྡན་ཆོས་ཞུ་བ་རྣམས་ཀྱི་དགའ་དད་སྤྲོ་གསུམ་གྱི་ཐོག་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། ཆོས་ཞུ་བ་ཁག་ནས་དགའ་ཚོར་གྱི་མིག་ནས་མིག་ཆུ་ཡང་ཤོར་བའི་གནས་ཚུལ་ཐོན་འདུག ཐེངས་འ དིའི་ཆིབས་སྒྱུར་སྐབས་ཨོ་སི་ཊོ་ལི་ཡའི་ངལ་རྩོལ་ཚོགས་པའི་དབུ་ཁྲིད་ཕིལ་གོ་ལོཕ་ Phil Goff ཡང་མཇལ་འཕྲད་གནང་འདུག ཐེངས་འདིར་མང་ཚོགས་ ༥༠༠༠ བརྒལ་བར་ཆོས་འབྲེལ་དང་བཀའ་སློབ་སྩལ་རྒྱུ་ཡིན་པ་མ་ཟད་བོད་མི་དང་སོག་པོ། རྒྱ་རིགས། དེ་བཞིན་ཝི་ཏི་ནམ་གྱི་མི་རིགས་བཅས་ལ་དམིགས་བསལ་གྱི་བཀའ་སློབ་བཀའ་དྲིན་སྩལ་འཆར་ཡོད་པ་བཅས་སོ།