༢༠༠༩ ཕྱི་ཟླ་ ༡༢ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༡༩ ཉིན་༸གོང་ས་མཆོག་ཀ་ཌྷ་ཊ་ཀའི་མངའ་སྡེ་གུལ་བར་གྷ་ Gulbarga ནང་ཆིབས་སྒྱུར་དང་སྦྲགས་ཉིན་གཉིས་ཀྱི་མཛད་ འཆར་དབུ་འཛུགས་མཛད་རྒྱུ་ཡིན་པ་དང་། དེ་ཡང་ས་གནས་བློན་ཆེན་ར་ཇི་ནི་ཤ་གོ་ཡལ་མཆོག་དང་ Rajneesh Goel ས་གནས་བློན་ཆེན་གཞོན་པ་ཨར་ཝི་ཤལ་ R.Vishal རྣམ་གཉིས་ཀྱིས་གཙོས་སྲིད་ཐར་ད་བུ་ལྡ་ཝི་ཧར་ཐེབས་རྩའི་ཚོགས་མི་རྣམས་ནས་གསར་འགོད་གསལ་བསྒྲགས་ཤིག་ལ་གསུང་དོན།
༸གོང་ས་མཆོག་ནས་སྲིད་ཐར་ད་བུ་ལྡ་ཝི་ཧར་ Siddhartha Buddha Vihar ལ་མང་ཚོགས་ ༦༠༠༠ བརྒལ་བར་བཀའ་སློབ་བཀའ་དྲིན་སྩལ་རྒྱུ་ཡིན་པ་དང་། ཚོགས་བཅར་བ་རྣམས་ལ་ནང་ཆོས་སྐོར་བཀའ་སློབ་སྩལ་གཏན་འཁེལ་ཡོད་འདུག སྲིད་ཐར་ད་བུ་ལྡ་ཝི་ཧར་ཚོམས་ཆེན་ཕྱིར་ལོག་ལ་སི་སི་ཊི་ཝི་ Circuit Televisions(CCTV) འཛུགས་རྒྱུ་ཡིན་པས་ཐུགས་བློ་ཡོད་མི་རྣམས་ནས་དེ་བརྒྱུད་མཉམ་ཞུགས་གནང་རྒྱུ་ཡོད་སྐོར་གསུངས་ཡོད་པ་རེད། ཚོགས་འདུའི་སྐབས་འཐུང་ཆུ་དང་ཟས་རིགས་ཀྱང་ཡོད་པ་དང་། མི་མང་ ༡༠༠༠༠ བརྒལ་བའི་བཞུགས་གནས་ཀྱང་གོ་སྒྲིག་ཡོད་པ་སོགས་འབྲེལ་བརྗོད་གནང་འདུག
༸གོང་ས་མཆོག་ཁུལ་དེར་ཆིབས་སྒྱུར་བསྐྱང་གཏན་འཁེལ་ཡོད་པ་དང་། དེ་ཡང་ངལ་རྩོལ་ Union Labour and Employment Minister བློན་ཆེན་སྐུ་ཞབས་ཨེམ་མ་ལིཀ་ཨར་ཇུན་ M.Mallikarjun Kharge མཆོག་དང་ལྷན་དུ་ལྗགས་སྨིན་ཡང་མཛད་རྒྱུ་དང་། དེ་བཞིན་༸གོང་ས་མཆོག་གིས་སྲིད་ཐར་ད་བུ་ལྡ་ཝི་ཧར་གྱི་མཚམས་སྦྱོར་ཁང་ནང་ཐེ་ལན་ཌི་ནས་གདན་ཞུས་གནང་བའི་སངས་རྒྱས་ཀྱི་སྐུ་ཞིག་ལ་རབ་གནས་དང་དེ་བཞིན་དམིགས་བསལ་ཐུགས་སྨོན་ཡང་མཛད་རྒྱུ་ཡིན་འདུག
དེ་རྗེས་༸མགོན་པོ་གང་ཉིད་མཆོག་ནས་བདེན་པ་བཞི་དང་། ལམ་བརྒྱད། ནང་ཆོས་ཀྱི་སྙིང་པོ། དེ་བཞིན་ནང་ཆོས་ འཛམ་གླིང་དང་ཞི་བདེའི་འབྲེལ་བ་སོགས་ཀྱི་སྐོར་ལ་ཚོུད་ ༡།༡༥ ནས་ ༣ བར་བཀའ་སློབ་བཀའ་དྲིན་སྩལ་རྒྱུ་ཡིན་པ་དང་། ཕྱོགས་མཚུངས་༸གོང་ས་མཆོག་གིས་སྲིད་ཐར་ད་བུ་ལྡ་ཝི་ཧར་དབུ་བཙུགས་ནས་ལོ་གཅིག་འཁོར་བའི་དྲན་རྟེན་གྱི་གྱང་སྦྱར་པར་གཞི་ཡང་དབུ་འབྱེད་མཛད་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༠ ཉིན་ཚོུད་ ༩ ནས་ ༡༡།༣༠ བར་དང་། ཚོུད་ ༡ ནས་ ༢།༣༠ བར་༸གོང་ས་མཆོག་གིས་མང་ཚོགས་ལ་ནང་ཆོས་བཀའ་སློབ་སྩལ་རྒྱུ་ཡིན་པ་དང་། དེ་རྗེས་ས་གནས་གཞུང་གི་དཔོན་རིགས་རྣམས་དང་ལྷན་དུ་ལྗགས་སྨིན་གྲུབ་མཚམས་ཧེ་དྷ་ར་བྷཊ་ནས་ལྡི་ལིར་ཆིབས་ཞལ་བསྒྱུར་རྒྱུ་ཡིན་པ་བཅས་ཀྱི་གནས་བསྡུས་སུ།