༢༠༠༩ ཕྱི་ཟླ་ ༡༡ ཚེས་ ༣ རེས་གཟའ་མིག་དམར།
༄༅། །འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་གཞུང་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་མཆོག་ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༣ ཉིན་བཞུགས་སྒར་ནས་ཕེབས་ཐོན་གྱིས་འབྲས་ལྗོངས་མངའ་ཁོངས་ར་ཝང་ལ་དང་། སྒང་ཏོག དེ་བཞིན་ནུབ་བྷང་གྷལ་མངའ་ཁོངས་རྡོར་གླིང་། ཀ་སྦུགབསུ་ན་ངྷ། ཨོག་ལ་བྷ་རི། ས་ལུ་གྷ་ར་དང་། ཁར་ཤང་སོགས་གནས་འཁོད་བོད་མིའི་གཞིས་སྒར་ཁག་དང་ས་གནས་འཕྲོད་བསྟེན་སྨན་ཁང་བཅས་སུ་འཚམས་གཟིགས་དང་འབྲེལ། མང་ཚོགས་དང་སློབ་ཕྲུག་བཅས་པར་འཕྲོད་བསྟེན་དང་འབྲེལ་བའི་ལམ་སྟོན་བཀའ་སློབ་གནང་རྒྱུའི་མཛད་རིམ་ཡོད་པ་དང་། ཁོང་གི་ཕྱག་རོགས་སུ་དྲུང་ལས་བསྟན་འཛིན་དབྱིག་གཉེན་ལགས་ཕེབས་ཡོད། ཁོང་རྣམ་གཉིས་ཕྱི་ཟླ་ ༡༡ ཚེས་ ༡༩ ཉིན་བཞུགས་སྒར་དུ་ཕྱིར་ཕེབས་གནང་རྒྱུ་ཡིན་པའི་གནས་བསྡུས་སུ།