༢༠༠༩ ཕྱི་ཟླ་ ༩ ཚེས་ ༤ རེས་གཟའ་ཕུར་བུ།
༄༅།། ཕྱི་ལོ་ ༢༠༠༩ ཟླ་ ༩ ཆེས་ ༥ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱལ་གར་རྒྱལ་ཡོངས་དགེ་རྒན་གྱི་དུས་ཆེན་ཉིན་མོར་གཟེངས་བསྟོད་བྱ་དགའ་གནང་སྲོལ་ཡོད་པ་ལྟར། དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་དགེ་རྒན་གཉིས་ལ་ཕྱི་ལོ་ ༢༠༠༨ ལོའི་རྒྱ་གར་གཞུང་འབྲེལ་གྱི་དགེ་རྒན་གཟེངས་རྟགས་གནང་རྒྱུའི་ཁོངས། བཙན་བྱོལ་བོད་མིའི་སློབ་གྲྭའི་ཁོངས་ནས་མོན་གྷོ་གཞིས་ཀེམ་ ༦ སློབ་གྲྭའི་གཞི་རིམ་འོག་མའི་དགེ་རྒན་རིན་ཆེན་སྒྲོལ་མ་དང་། སྦེལ་ཀོབ་སློབ་གྲྭའི་འབྲིང་རིམ་དགེ་རྒན་ཨེཅ། ཨེསེ། ས་ཏཡ་སྤར་ཀཤཱ། (H.S.Sathya Prakash) གཉིས་ལ་གཏན་འཁེལ་ཡོད་པ་རེད། རྒྱ་གར་གཞུང་གི་སྲིད་འཛིན་སྐུ་གཞོན་མཆོག་ནས་གཟེངས་བསྟོད་གནང་གཏན་འཁེལ་ཡོད་པ་དང་། བྱ་དགའི་ཁོངས་དངུལ་གྱི་རྟགས་མ་དང་། གཟེངས་བསྟོད་ཕྱག་འཁྱེར། ཧིན་སྒོར་ ༢༥༠༠༠ བཅས་གནང་གི་ཡོད། རྒྱ་གར་རྒྱལ་ཡོངས་ཀྱི་དགེ་རྒན་གཟེངས་བསྟོད་བྱ་དགའ་འདི་བཞིན་ཕྱི་ལོ་ ༡༩༥༨ ལོར་འགོ་འཛུགས་ཞུས་ཡོད་ཅིང་དེ་ཡང་རྒྱ་གར་གྱི་སྲིད་འཛིན་ཟུར་པ་ཌོག་ཊར་ར་རྡ་ཀྲིཤཱི་ནཱ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོར་དགེ་རྒན་ཉིན་མོ་ཞེས་སྲུང་བརྩི་ཞུས་ཏེ་གནང་གི་ཡོད་པ་ཡིན།