༢༠༠༩ ཕྱི་ཟླ་ ༨ ཚེས་ ༡༨ རེས་མིག་དམར།
ཤེ་ཤེས་ལགས་ནི་སྐྱེས་ཡུལ་ཁམས་འབའ་ཐང་རྫོང་ནས་ཡིན་ཞིང་། རང་ལོ་ ༤༦ ཙམ་དང་ ཕ་མིང་སྐྱེ་ལྷ་འདས་ཟིན། ཁོང་ནི་རྒྱུན་གཏན་ཕ་ཡུལ་དུ་ཚོང་བརྒྱབ་ནས་སྡོད་མཁན་ཞིག་ཡིན་ཞིང་ཕྲུ་གུ་བཞིའང་ཡོད་པ་རེད་འདུག
སྔ་ལོ་ཟླ་ ༣ པའི་ནང་ལྷ་སར་ཨ་མ་དང་བཟའ་ཟླ་སོགས་ཁྲིད་དེ་གནས་མཇལ་དུ་ཡོང་སྐབས་ཟླ་ ༣ ཚེས་ ༡༤ ཉིན་ཞི་རྒོལ་ནང་མཉམ་ཞུགས་གནང་སྟེ་རྭ་མོ་ཆེ་ནས་ཤར་ངོས་སྦྲག་ཁང་ཆེན་མོ་ཡོའུ་ཏན་ཏཱ་ལོའོ་འགྲོ་སའི་ལམ་ངོས་ནས་སྐད་འབོད་བྱས་ཏེ་ཡོང་སྐབས་དམག་མིའི་ཆུ་བཤོ་ཆེད་ཀྱི་མོ་ཊ་དམར་པོ་ཞིག་གི་ནང་ནས་ཁོང་གི་མགོ་བོར་མེ་མདའ་བརྒྱབ་སྟེ་རང་སར་འདས་གྲོངས་སུ་གྱུར་ཡོད། རྗེས་སུ་ཕུང་པོ་ནང་མིར་རག་མེད་པའི་གནས་ཚུལ་ཐོན་འདུག