༢༠༠༩ ཕྱི་ཟླ་ ༨ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། རྒྱ་གར་གྲོས་ཚོགས་ཚོགས་མི་སྐུ་ཞབས་ཇོར་ཇེ་ཕར་ནན་ཌི་སི་མཆོག་ལ།
ཆེད་ཞུ།
འདི་ག་བཙན་བྱོལ་བོད་མིའི་སྤྱི་འཐུས་ལྷན་ཁང་ནས་སྐུ་ཉིད་ཆེས་མཐོའི་རྒྱ་གར་གྱི་གྲོས་ཚོགས་གོང་མའི་ནང་འཇུག་བཞེས་གནང་བར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་དང་། ཁྱེད་རང་རྒྱ་གར་གྱི་གྲོས་ཚོགས་ནང་ཕེབས་པས་མུ་མཐུད་འཛམ་གླིང་རྒྱ་ཁྱབ་ཏུ་རང་དབང་དང་། མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ལ་ཡིད་ཆེས་གནང་མཁན་མི་མང་རྣམས་ཀྱི་སེམས་ཤུགས་སྤར་རྒྱུ་དང་། རེ་འདུན་གོང་མཐོར་གཏོང་རྒྱུ་ཡིན་པ་རེད། ང་ཚོའི་སྨོན་ལམ་དང་འཚམས་འདྲི་རྟག་ཏུ་ཁྱེད་རང་མཉམ་དུ་ཡོད་པ་བཅས།བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ནས་
ཕྱི་ལོ་ ༢༠༠༩ ཟླ་ ༨ ཚེས་ ༧ ཉིན་ལ་ ཕུལ། །