༢༠༠༩ ཕྱི་ཟླ་ ༨ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། ། རྡོ་རྗེ་གླིང་སྐྱིད་སྡུག་བཅུའི་ཚོགས་གཙོ་སྐུ་ངོ་ཀུན་དགའ་ལགས་ལ།
ཆེད་ཞུ། ངེད་ཅག་གི་འདི་གའི་སྤྱི་འཐུས་ཚོགས་མི་སྐུ་ལྕམ་སྒྲོལ་དཀར་ལྷ་མོ་ལགས་དང་། དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས་བརྒྱུད་དེ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གསར་བཙུགས་གནང་སྐོར་ཤེས་རྟོགས་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། འདི་གའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཁང་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་ལམ་ལྷོང་ལྡན་པའི་ཐོག་ཚུགས་ཐུབ་པར་འཚམས་འདྲི་ཞུ་རྒྱུ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་དོན་འགན་ཁུར་ཚོགས་མི་འོས་འདེམས་གསར་དུ་བྱུང་བ་ཆ་ཚང་ནས་དེ་འདྲའི་ཚོགས་པ་ཞིག་འགོ་འཛུགས་བྱ་ཐུབ་རྒྱུར་གཞི་རྩའི་འགན་ཁུར་བར་ཐུགས་རྗེ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དེས་ང་ཚོའི་རྩ་དོན་བསྒྲུབ་རྒྱུར་ལེའུ་གསར་པ་ཞིག་ཕྱེ་བའི་རེ་བ་ཞུ་ཡི་ཡོད། ང་ཚོས་རྒྱབ་སྐྱོར་ཚོགས་པ་དེ་དང་ལྷན་དུ་ནུས་ལྡན་གྱི་ཐོག་ནས་ལས་ཁུར་ཞུ་རྒྱུ་ཡིན་པ་དང་།
སྨོན་འདུན་བཅས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་
ཕྱི་ལོ་ ༢༠༠༩ ཟླ་ ༨ ཚེས་ ༡༤ ལ་ཕུལ།།
ངོ་བཤུས། རྒྱ་བོད་ལྷན་སྐྱོང་ལས་ཁུངས། ལྡི་ལི་གསར་པ།